ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

པར་འདི་ནི་ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

པར་འདི་ནི་ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།

པར་འདི་ནི་ཞི་ཅིན་གྱིས་ཕེན་ཀྲིན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུའུ་ཧྲི་ཡེ་གྲོང་བརྡལ་ཡུན་མའོ་ཡུས་རང་བྱུང་སྡེ་བར་གཟིགས་ཞིབ་མཛད་སྐབས། སྡེ་དམངས་ཧུན་ཅ་ཡུན་ཚང་ལ་འཚམས་འདྲི་མཛད་པའི་ཚུལ་རེད།

པར་འདི་ནི་ཞི་ཅིན་གྱིས་ཕེན་ཀྲིན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུའུ་ཧྲི་ཡེ་གྲོང་བརྡལ་ཡུན་མའོ་ཡུས་རང་བྱུང་སྡེ་བར་གཟིགས་ཞིབ་མཛད་སྐབས། སྡེ་དམངས་ཧུན་ཅ་ཡུན་ཚང་ལ་འཚམས་འདྲི་མཛད་པའི་ཚུལ་རེད།

པར་འདི་ནི་ཞི་ཅིན་ཕེན་གྱིས་ཀྲིན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུའུ་ཧྲི་ཡེ་གྲོང་བརྡལ་ཡུན་མའོ་ཡུས་རང་བྱུང་སྡེ་བར་གཟིགས་ཞིབ་མཛད་སྐབས་སྡེ་བའི་མང་ཚོགས་དང་ཕྱག་འཇུ་མཛད་པའི་ཚུལ་རེད།

པར་འདི་ནི་ཞི་ཅིན་ཕེན་གྱིས་ཀྲིན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུའུ་ཧྲི་ཡེ་གྲོང་བརྡལ་ཡུན་མའོ་ཡུས་རང་བྱུང་སྡེ་བར་གཟིགས་ཞིབ་མཛད་སྐབས་སྡེ་བའི་མང་ཚོགས་དང་ཕྱག་འཇུ་མཛད་པའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཉེ་ལམ་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད་སྐབས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་སྲོལ་གསར་བ་རང་འགུལ་གྱིས་ཁོང་དུ་ཆུད་པར་བྱེད་པ་དང་དེར་ཁ་གཏད་འཇལ་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར། ནན་ཅིན་དམར་གསོད་ཆེན་མོའི་ཁྲོད་ཀྱི་འདས་པོར་རྒྱལ་ཁབ་ཐུན་མོང་གིས་འདས་མཆོད་སྒྲུབ་པའི་མཛད་སྒོར་ཞུགས་རྗེས། ཞི་ཅིན་ཕེན་ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཀྲི་ཅོན་དང་ཧྲིན་ཀྲང་ལིས་ཞིའོ་ཡུན་དང་མཉམ་དུ་ནན་ཅིན་དང་ཀྲིན་ཅང་ལ་ཕེབས་པ་དང་། ཚན་རིག་ཞིབ་འཇུག་ཁང་དང་ཁེ་ལས། ཞིང་སྡེ། ཞིང་བའི་ཁྱིམ་ཚང་བཅས་ལ་ཕེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་མཛད།

ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཐོག་མར་ཀྲིན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུའུ་ཧྲི་ཡེ་གྲོང་བརྡལ་འཕྲོད་བསྟེན་ཁང་དུ་ཕེབས་ཏེ། ཞིང་སྡེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་དང་སྡེ་དམངས་ཀྱི་ནད་སྟོན་པའི་གནས་ཚུལ་ལ་རྒྱུས་ལོན་མཛད་པར་མ་ཟད། ཞི་ཅིན་ཕེན་གྱིས་འཕྲོད་བསྟེན་ཁང་གི་འགན་ཁུར་བློ་མཐུན་གྱིས་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་། སྨན་བཅོས་སྒྲིག་ཆས་ལ་གཟིགས་ཞིབ་མཛད་པ། སྨན་བཅོས་མི་སྣར་ཞིབ་བཤེར་དང་སྨན་བཅོས། སྨན་རིན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་རྗེས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དམངས་ཡོངས་ལ་བདེ་ཐང་མེད་ན། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མེད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་ཐད་ཀར་འབྲེལ་བ་ཡོད་པས། གཞི་རིམ་མང་ཚོགས་ཀྱི་ནད་སྟོན་པ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ད་རུང་ས་དེའི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད། ཁོང་ཧྲི་ཡེ་གྲོང་བརྡལ་ཡུན་མའོ་ཡུས་རང་བྱུང་སྡེ་བར་ཕེབས་ནས། ས་དེའི་ལས་བྱེད་པར་མཁར་གྲོང་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། མཁར་གྲོང་གཞི་གཅིག་ཅན་དུ་བསྒྱུར་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། ཞིང་སྡེ་དེ་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་བཟང་བོ་ཞིག་ཏུ་བསྒྱུར་དགོས་ཞེས་གསུངས།

ཞི་ཅིན་ཕེན་གྱིས་དངོས་སྐྱེལ་ལས་རིགས་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཁོང་གིས་ཧོས་ལུང་དབྱི་ཐུན་དངོས་སྐྱེལ་ཀུང་ཟིར་གཟིགས་ཞིབ་མཛད་པ་དང་ཁེ་ལས་ཀྱི་འགན་ཁུར་བས་གནས་ཚུལ་མཚམས་སྦྱོར་བྱས་པར་ཞིབ་ཏུ་ཉན་རྗེས། ཁེ་ལས་ཀྱི་ལས་སྤེལ་གསར་བསྐྲུན་གྱི་སྙིང་སྟོབས་ལ་གཟེངས་བསྟོད་མཛད་དེ། ཚང་མས་མུ་མཐུད་དུ་འབད་བརྩོན་བྱས་ནས། ཚོང་ལས་ཀྱི་གོ་སྐབས་གསར་བ་འཚོལ་ཞིབ་བྱེད་པ་དང་ཚོང་ལས་ཀྱི་རྣམ་པ་གསར་བ་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།གཟིགས་ཞིབ་མཛད་སྐབས། ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་རྗེས། ཅང་སུའུ་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་བྱ་བ་སྣ་ཚོགས་ལ་ཁས་ལེན་གང་ལེགས་མཛད།  ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཅང་སུའུ་ཡི་བློ་མཐུན་གྱིས་ཀྲུང་དབྱང་གི་འཐབ་ཇུས་དང་བཀོད་སྒྲིག་སྣ་ཚོགས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། དེང་རབས་ཅན་ཐོག་མར་མངོན་འགྱུར་བྱེད་པའི་གཟི་བརྗིད་ལས་འགན་ལ་དམ་པོར་དམིགས་ཏེ། དཔལ་འབྱོར་སྟོབས་དང་ལྡན་ཞིང་མང་ཚོགས་ཕྱུར་སྒྱུར། ཁོར་ཡུག་བཟང་ལ། སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཐོ་བ་བཅས་ཀྱི་ཅང་སུའུ་གསར་བ་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།   

 

 

 

 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།