ཡུས་ཀྲིན་ཧྲིན་གྱིས་བོད་ལྗོངས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་འཚམས་འདྲི་མཛད།

པར་འདི་ནི་ཡུས་ཀྲིན་ཧྲིན་གྱིས་གཙུག་ལག་ཁང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དངོས་སུ་ཕྱག་བྲིས་གནང་བའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་བཀྲ་ཤིས་གོས་དར་གནང་བའི་ཚུལ་རེད།

འདི་ནི་ཡུས་ཀྲིན་ཧྲིན་སོགས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་མགོ་ཁྲིད་ཀྱིས་བོད་ལྗོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འཐུས་མི་དང་གྲྭ་བཙུན་གྱི་འཐུས་མི་དང་མཉམ་དུ་བླངས་པའི་པར་རེད།

འདི་ནི་ཡུས་ཀྲིན་ཧྲིན་སོགས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་མགོ་ཁྲིད་ཀྱིས་བོད་ལྗོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འཐུས་མི་དང་གྲྭ་བཙུན་གྱི་འཐུས་མི་དང་མཉམ་དུ་བླངས་པའི་པར་རེད།

པར་འདི་ནི་ཡུས་ཀྲིན་ཧྲིན་སོགས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་མགོ་ཁྲིད་གཙུག་ལག་ཁང་དུ་ཕེབས་ཏེ། བོད་ལྗོངས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་འཚམས་འདྲི་གནང་བའི་ཚུལ་རེད།

པར་འདི་ནི་ཡུས་ཀྲིན་ཧྲིན་སོགས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་མགོ་ཁྲིད་གཙུག་ལག་ཁང་དུ་ཕེབས་ཏེ། བོད་ལྗོངས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་འཚམས་འདྲི་གནང་བའི་ཚུལ་རེད།

       ལྷ་ས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཡུས་ཀྲིན་ཧྲིན་ཚེས་བདུན་ཉིན་གྱི་སྔར་དྲོར་གཙུག་ལག་ཁང་དུ་ཕེབས་ཏེ། བོད་ལྗོངས་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣར་འཚམས་འདྲི་མཛད།

       ཡུས་ཀྲིན་ཧྲིན་གྱིས་གཙུག་ལག་ཁང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དངོས་སུ་ཕྱག་བྲིས་གནང་བའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་བཀྲ་ཤིས་གོས་དར་གནང་བར་མ་ཟད། གྲྭ་བཙུན་རྣམས་ལ་འགྱེད་བརྒྱབ།

       ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། བོད་བརྒྱུད་ནང་བསྟན་ལས་རིགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་ལྡན་ལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བླ་ཆེན་རིམ་བྱོན་མིག་དཔེར་བཟུང་སྟེ། ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

       ཡུས་ཀྲིན་ཧྲིན་གྱིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱེད་པར་ཧུར་ཐག་སྒོས་ཁྲིད་སྟོན་བྱས་ནས། རྒྱུན་ཆད་མེད་པར་སློབ་སྦྱོང་བཟང་བོ་བྱེད་པ་དང་། དགོན་པའི་དོ་དམ་ལ་ཤུགས་སྣོན་པ་དང་གསར་སྐྲུན་བྱེད་དགོས་ལ།  དགོན་པར་སྡོད་པའི་ལས་བྱེད་པས་ཀྲུང་དབྱང་མི་རིགས་ཆོས་ལུགས་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བཟང་བོ་དང་དྲིལ་སྒྲོག་བཟང་བོ་བྱས་ནས། ལྷག་བསམ་རྣམ་དག་སྒོས་དཀའ་ཁག་དང་གནད་དོན་སེལ་རོགས་བྱས་ཏེ། མཉམ་དུ་བོད་ལྗོངས་ཆོས་ལུགས་ལས་རིགས་ཀྱི་འཆམ་མཐུན་བརྟན་འཇགས་ཀྱི་རྣམ་པ་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།