ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཉིས་སྟོང་བཅོ་ལྔ་ལོའི་སྟོན་ཁའི་སློབ་མགོ་ཚུགས་པའི་མཛད་སྒོ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བདུན་ཉིན་གྱི་སྔ་དྲོར་ཉིས་སྟོང་བཅོ་ལྔ་ལོའི་སྟོན་ཁའི་སློབ་མགོ་ཚུགས་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བདུན་ཉིན་གྱི་སྔ་དྲོར་ཉིས་སྟོང་བཅོ་ལྔ་ལོའི་སྟོན་ཁའི་སློབ་མགོ་ཚུགས་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་།

       ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཚེས་བདུན་ཉིན་གྱི་སྔ་དྲོར་ཉིས་སྟོང་བཅོ་ལྔ་ལོའི་སྟོན་ཁའི་སློབ་མགོ་ཚུགས་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས་ཏང་གི་སློབ་གྲྭའི་ཏང་གཤིས་རྒྱུན་འཁྱོངས་བྱེད་དགོས་པའི་ཐུགས་རེ་བཏོན།

       ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཏང་གི་སློབ་གྲྭའི་ཏང་གཤིས་ནི་ཏང་གི་སློབ་གྲྭའི་བྱ་བའི་རྩ་བའི་རྩ་དོན་ཡིན་པས། ཏང་གི་སློབ་གྲྭའི་ཏང་གཤིས་རྒྱུན་འཁྱོངས་བྱེད་སྐབས། འགྱུར་བ་མེད་ཅིང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་དངོས་ཐོག་བདེན་འཚོལ་ལག་བསྟར་བྱེད་པའི་བསམ་བློའི་ལམ་ཕྱོགས། སློབ་གྲྭ་བཅོས་སྐྱོང་ནན་མོ་བྱེད་པ་དངོས་འབེབས་བྱེད་པའི་གཞི་རྩའི་བྱེད་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་རྒྱུ་ཧ་ཅང་གལ་ཆེ། ཏང་གི་གཞི་རྩའི་རིགས་གཞུང་སློབ་གསོ་དང་ཏང་གཤིས་ཏང་སྲོལ་སློབ་གསོ་དེ་བསླབ་གཞི་གཙོ་བོར་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་ཁོངས་གཏོགས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་བྱེད་ཐབས་དང་བྱ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་རིགས་གཞུང་དོན་དངོས་དང་འབྲེལ་འདྲིས་བྱེད་པའི་སློབ་སྲོལ་དར་སྤེལ་བྱས་ནས་སློབ་ཁྲིད་དང་ཚན་ཞིབ་བྱ་བའི་དམིགས་ཡུལ་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྒྲིག་ལམ་ལ་གཟབ་ནན་བྱས་ནས་སློབ་གྲྭ་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དེ་ཏང་གི་སློབ་གྲྭའི་བྱ་བ་དང་སློབ་མའི་དོ་དམ་སོགས་ཕྱོགས་སྣ་ཚོགས་སུ་མཚོན་པར་བྱེད་དགོས་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།