བློ་མཐུན་ཀྲང་ཀྲིན་གྱི་སྐུ་གདུང་པེ་ཅིན་ནས་སྦྱིན་སྲེག་བྱས།

ཟླ་དགུ་བའི་ཚེས་དགུ་ཉིན། བློ་མཐུན་ཀྲང་ཀྲིན་གྱི་སྐུ་གདུང་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་སྲེག་བྱས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་པ་པའོ་རི་བོར་ཕེབས་ཏེ་བློ་མཐུན་ཀྲང་ཀྲིན་གྱི་བེམ་པོར་གྱེས་ཕྱག་ཕུལ། པར་འདི་ནི་ཞི་ཅིན་ཕེན་གྱིས་བློ་མཐུན་ཀྲང་ཀྲིན་གྱི་ཁྱིམ་མི་ལ་ཕྱག་འཇུ་གནང་བའི་ཚུལ་རེད།

ཟླ་དགུ་བའི་ཚེས་དགུ་ཉིན། བློ་མཐུན་ཀྲང་ཀྲིན་གྱི་སྐུ་གདུང་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་སྲེག་བྱས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་པ་པའོ་རི་བོར་ཕེབས་ཏེ་བློ་མཐུན་ཀྲང་ཀྲིན་གྱི་བེམ་པོར་གྱེས་ཕྱག་ཕུལ། པར་འདི་ནི་ཞི་ཅིན་ཕེན་གྱིས་བློ་མཐུན་ཀྲང་ཀྲིན་གྱི་ཁྱིམ་མི་ལ་ཕྱག་འཇུ་གནང་བའི་ཚུལ་རེད།

       ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་གཞུང་སེམས་དྲང་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་དམག་དོན་པ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཀྲང་ཀྲིན་གྱི་སྐུ་གདུང་ཚེས་དགུ་ཉིན་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་བང་སོ་ནས་སྦྱིན་སྲེག་བྱས།

       བློ་མཐུན་ཀྲང་ཀྲིན་ལ་སྙུང་གཞི་ཕོག་སྟེ་སྨན་བཅོས་བྱས་ཀྱང་མ་ཕན་པར2015ལོའི་ཟླ་དགུ་བའི་ཚེས་གསུམ་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་ཐོག་པེ་ཅིན་ནས་སྐུ་གཤེགས། དགུང་ལོ་བརྒྱ་དང་གཅིག་རེད།

       སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ།པ་པའོ་རི་བོའི་གསར་བརྗེ་བང་སོའི་ཚོམས་ཁང་དུ་མྱ་ངན་རོལ་མོས་ཁེངས་འདུག ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་མྱ་ངན་རོལ་མོའི་ཁྲོད་དལ་གྱིས་བློ་མཐུན་ཀྲང་ཀྲིན་གྱི་བེམ་པོའི་མདུན་དུ་ཕེབས་ཏེ། བེམ་པོར་གུས་ཕྱག་ལན་གསུམ་འཚལ་བར་མ་ཟད། བློ་མཐུན་ཀྲང་ཀྲིན་གྱི་ཁྱིམ་མིར་ཕྱག་འཇུ་གནང་ནས་འཚམས་འདྲི་མཛད།

       བློ་མཐུན་ཀྲང་ཀྲིན་ལ་སྙུང་གཞི་ལྗིད་མོ་ཕོག་པ་དང་སྐུ་གཤེགས་རྗེས། ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་ཕེབས་ནས་འཚམས་འདྲི་ཞུས་པ་དང་ཡང་ན་བྱེད་ཐབས་སྣ་ཚོགས་སྤྱད་དེ་བློ་མཐུན་ཀྲང་ཀྲིན་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་། ཁོང་གི་ཁྱིམ་མིར་སེམས་གཏིང་ནས་འཚམས་འདྲི་ཞུས།

       ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་པ་པའོ་རི་བོའི་གསར་བརྗེ་བང་སོར་སོང་སྟེ་བློ་མཐུན་ཀྲང་ཀྲིན་གྱི་བེམ་པོར་གྱེས་ཕྱག་ཕུལ་བར་མ་ཟད། བྱེད་ཐབས་སྣ་ཚོགས་སྤྱད་དེ་མྱ་ངན་ཞུས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།