རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་དང་གྲོས་མོལ་མཛད།

ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཙུང་ཐུང་ཨ་ཆི་ཙི་ལ་དགའ་བསུ་ཞུས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙུང་ཐུང་ཨ་ཆི་ཙི་བཟའ་ཟླ་གཉིས་དང་མཉམ་དུ་པར་བླངས་པའི་ཚུལ་རེད།   

ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཙུང་ཐུང་ཨ་ཆི་ཙི་ལ་དགའ་བསུ་ཞུས། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལི་ཡོན་གཉིས་ཀྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙུང་ཐུང་ཨ་ཆི་ཙི་བཟའ་ཟླ་གཉིས་དང་མཉམ་དུ་པར་བླངས་པའི་ཚུལ་རེད།   

          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོ་རི་ཐ་ནི་ཡའི་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ཆི་ཙི་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱི་མགོ་གཙོ་བར་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོང་བའི་འཕེལ་རྒྱས་ཇུས་འགོད་བྱས་ནས། ཀྲུང་གོ་དང་མོ་རི་ཐིའུ་སི་གཉིས་བར་གྱི་མཉམ་ལས་ལ་སྟོབས་ཤུགས་གསར་བ་སྣོན་དགོས་པར་གཅིག་གྱུར་སྒོས་འཐད་པ་བྱུང་།

          ཞི་ཅིན་ཕེན་གྱིས་ཨ་ཆི་ཙི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བར་མ་ཟད། 2015ལོའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འགྲེམ་སྟོན་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་དགའ་བསུ་ཞུས་པ་ཡིན་ཟེར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་མོ་རི་ཐ་ནི་ཡ་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་ཡིད་ཆེས་དང་མཉམ་ལས་དམ་པོ་བྱས་པས། རྒྱལ་ཁབ་གཉིས་ནི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་སྲིད་ཏང་། གྲོས་ཁང་བཅས་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། རིག་གནས་དང་གསར་འགྱུར། སློབ་གསོ། ན་གཞོན་སོགས་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

          ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་དང་བཅས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱི་མཉམ་ལས་གླེང་སྟེགས་ཀྱི་ཁོངས་མི་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་བཏང་སྟེ། ད་ལོར་ཨ་ཧྥེ་རི་ཁ་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་མཉམ་ལས་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་དང་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་དྲུག་པ་བསྒྲུབས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། མཉམ་ལས་གཉིས་རྒྱལ་ལ་སྐུལ་འདེད་གཏོང་ཐུབ་པའི་ཚོགས་ཆེན་གཟབ་རྒྱས་ཤིག་ཏུ་བསྒྱུར་དགོས། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་མཉམ་ལས་གླེང་སྟེགས་སྤྱི་ཁོག་ནང་གི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

          ཨ་ཆི་ཙི་ཡིས་བཤད་རྒྱུར། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་འགོར་བའི་རིང་ལ། མོ་རི་ཐ་ནི་ཡ་དང་ཀྲུང་གོ་གཉིས་བར་གྱི་མཉམ་ལས་དེ་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་སོ་སོར་རྒྱ་བསྐྱེད་པར་མ་ཟད། གྲུབ་འབྲས་བཟང་བོ་བླངས་ཡོད། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྲུང་གོ་བར་གྱི་མཉམ་ལས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་གི་འབྲེལ་ཡོད་མཉམ་ལས་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། ཀྲུང་གོའི་ཁེ་ལས་མོ་རི་ཐ་ནི་ཡར་ཡོང་ནས་མ་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་གཞོགས་འདེགས་ལ་སྔར་ལས་ཤུགས་བསྣན་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་བར་གྱི་མཉམ་ལས་གླེང་སྟེགས་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་བསྒྲུབ་པར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་དཔལ་འབྱོར་ལག་རྩལ་མཉམ་ལས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།

གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་མཛད་སྒོ་བསྡུས་ཏེ་ཙུང་ཐུང་ཨ་ཆི་ཙི་ལ་དགའ་བསུ་ཞུས།   

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།