ལིས་ཁི་ཆང་གིས་སོ་སོར་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་དང་དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལི་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་།

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལི་ཧྥུའུ་ལ་མཇལ་འཕྲད་གནང་།

ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལི་ཧྥུའུ་ལ་མཇལ་འཕྲད་གནང་།

         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་དང་དབྱི་ལིང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལི་ཧྥུའུ་གཉིས་ལ་མཇལ་འཕྲད་གནང་།

         ཨ་ཆི་ཙི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་མོ་རི་ཐ་ནི་ཡ་གཉིས་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། ཚེས་བཅུ་བཞི་ཉིན་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་དང་ཕན་འབྲས་ལྡན་པའི་ངང་གྲོས་མོལ་མཛད། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་འགོར་བའི་གོ་སྐབས་སུ་བཟུང་སྟེ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། མཉམ་ལས་དམ་པོ་བྱས་ནས། ཀྲུང་གོ་དང་མོ་རི་ཐ་ནི་ཡ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

         ཀྲ་ལི་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་གསུངས་རྒྱུར། དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐད་ནས་ཁྱོན་ཡོངས་ཀྱི་གྲོས་མཐུད་བཀོད་དེ། ཀྲུང་ཏུང་ས་ཁུལ་ཞི་བདེ་དང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ས་ཁུལ་གཞན་དག་གིས་དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས་གྲོས་མཐུན་དེ་དོན་ཐོག་ཏུ་འཁྱོལ་བར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་ནི་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས། དབྱི་ལིང་གི་ཉིང་རྡུལ་གནད་དོན་མཇུག་མཐར་འོས་འཚམ་སྒོས་ཐག་གཅོད་བཟང་བོ་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

 

 

 

 

 

 

 

 

 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།