ཀྲང་ཏི་ཅང་གིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅོ་ལྔ་ཉིན་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅོ་ལྔ་ཉིན་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

         རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅོ་ལྔ་ཉིན་མོ་རི་ཐ་ནི་ཡའི་ཙུང་ཐུང་ཨ་ཆི་ཙི་ལ་མཇལ་འཕྲད་གནང་།

         ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་མོ་རི་ཐ་ནི་ཡའི་བར་གྱི་སྲོལ་རྒྱུན་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་དུ་སོང་ཡོད་པ་དང་། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁ་སང་ཙུང་ཐུང་ལགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མ་འོངས་བའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་བསྟན་ཞིང་། ཕྱོགས་གཉིས་ཀྱིས་ད་རུང་མཉམ་ལས་མང་པོའི་ཡིག་ཆར་མིང་བཀོད་ཟེར། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་རྣམ་དག་གིས་གཉིས་ཕན་མཉམ་ལས་ཐད་ནས་མོ་རི་ཐ་ནི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་བྱ་བ་གསར་གཏོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡར་སྐུལ་གཏོང་བའི་བྱ་བ་བསྡད་ཀྱིན་བསྡད་ཀྱིན་ཇེ་བཟང་དུ་འགྲོ་ངེས་ཡིན་ཟེར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མོ་རི་ཐ་ནི་ཡའི་གྲོས་ཁང་གི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། རང་སོ་སོའི་རྒྱལ་ནང་འཕེལ་རྒྱས་དང་ཕྱོགས་གཉིས་ཀྱི་མཉམ་ལས་བྱ་བ་གཏིང་ཟབ་དུ་སྤེལ་བར་ཞབས་ཕྱི་བསྒྲུབ་པ་དམིགས་འབེན་བྱས་ནས། ཤུགས་ཆེན་པོས་ཁྲིམས་འཛུགས་མཉམ་ལས་དང་རྒྱལ་སྐྱོང་སྲིད་སྐྱོང་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མཛའ་མཐུན་འགྲོ་འོང་བྱ་བར་སྐུལ་འདེད་བཏང་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཡར་སྐུལ་འཕེལ་རྒྱས་དང་གཏིང་ཟབ་དུ་སྤེལ་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།