ཞི་ཅིན་ཕེན་གྱིས་གསར་འགྱུར་སྡེ་ཚོགས་ཀྱི་ལག་བསྟར་ཏུང་ཧྲི་ཀྲང་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགྱུར་སྡེ་ཚོགས་ཀྱི་ལག་བསྟར་ཏུང་ཧྲི་ཀྲང་མཱོ་ཏོ་ཁི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགྱུར་སྡེ་ཚོགས་ཀྱི་ལག་བསྟར་ཏུང་ཧྲི་ཀྲང་མཱོ་ཏོ་ཁི་ལ་མཇལ་འཕྲད་གནང་།

          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགྱུར་སྡེ་ཚོགས་ཀྱི་ལག་བསྟར་ཏུང་ཧྲི་ཀྲང་མཱོ་ཏོ་ཁི་ལ་མཇལ་འཕྲད་གནང་།

          ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པ་དང་། ཕན་ཚུན་བར་དུ་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིའི་ཆ་ནས་གོང་འཕེལ་དུ་སོང་བ་ཧ་ཅང་བཟང་། རྒྱལ་ཁབ་གཉིས་ཀྱི་སྲིད་གུང་དང་ལས་རིགས་སོ་སོའི་མི་སྣའི་འབད་བརྩོན་འོག ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱབ་ཁོངས་བརྗེ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་བཟང་བོ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་ཡང་ཡར་སྐུལ་ཆེན་པོ་བྱས་ཟེར།

          ཞི་ཅིན་ཕེན་གྱིས་བསྟན་དོན། ཙུང་ཐུང་ཨོ་པ་མཱ་ཡིས་གདན་དྲངས་པ་ལྟར། ངས་མི་འགྱངས་བར་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ངའི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི། ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་གོང་འཕེལ་ཆེན་པོ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་སྔར་ལས་མང་བོའི་ཁེ་ཕན་བསྐྲུན་རྒྱུ་དེ་ཡིན་ཟེར།

          ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོས་མུ་མཐུད་དུ་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁུངས་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་པ་དང་། ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁུངས་དང་གསར་འགོད་པ་ཀྲུང་གོར་བཅར་འདྲིར་ཡོང་ནས། འཛམ་གླིང་ལ་ཀྲུང་གོའི་འཕེལ་རྒྱས་ངོ་སྤྲོད་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།