ཀྲང་ཀའོ་ལིས་སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མགོ་གཙོའི་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མགོ་གཙོའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཀོང་ཞི་ཞིང་ཆེན་ནན་ཉིན་གྲོང་ཁྱེར་ནས་ཚོགས་་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མགོ་གཙོའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཀོང་ཞི་ཞིང་ཆེན་ནན་ཉིན་གྲོང་ཁྱེར་ནས་ཚོགས་་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

          སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་བཤམས་སྟོན་ཚོགས་འདུ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་མགོ་གཙོའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཀོང་ཞི་ཞིང་ཆེན་ནན་ཉིན་གྲོང་ཁྱེར་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།

          ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ནི་སྐམ་མཚོ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་ཡིན་ཞིང་། ཕན་ཚུན་བར་རང་བྱུང་གི་མཉམ་ལས་གྲོགས་པོའི་འབྲེལ་བ་ཡོད། ཕྱོགས་གཉིས་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་དཀའ་ངལ་མཉམ་སེལ་དང་། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་པས། མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་སོང་ནས། ས་ཁུལ་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་རྒྱབ་རྟེན་གལ་ཆེན་དང་ས་ཁུལ་དར་རྒྱས་གོང་འཕེལ་དུ་གཏོང་བར་ཡར་སྐུལ་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། ཆབ་སྲིད་ཡིད་ཆེས་དང་། དཔལ་འབྱོར་མཉམ་བསྲེས། རིག་གནས་བཟོད་སྒོམ་བཅས་ཀྱི་ཁེ་ཕན་དང་ལས་དབང་། འགན་ཁུར་བཅས་ཀྱི་ཐུན་མོང་གི་ཕུང་བོ་ཞིག་ཧུར་ཐག་གིས་བསྐྲུན་དགོས་ཟེར།

          ཀྲང་ཀའོ་ལིས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྔར་བཞིན་མཐོང་ཆེན་བྱེད་རྒྱུ་ཡིན་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་གྱི་ཕྱི་ཕྱོགས་འབྲེལ་བའི་དམིགས་བསལ་ཁ་ཕྱོགས་སུ་བརྩི་རྒྱུ་ཡིན། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ། ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་འདོད་ཡོད་དེ། གཅིག་ནས་ཆབ་སྲིད་ཀྱི་ཡིད་ཆེས་སྔར་ལས་ཇེ་ཆེར་གཏོང་འདོད་ཡོད། གཉིས་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྔར་ལས་ཟབ་སྤེལ་བྱེད་འདོད་ཡོད། གསུམ་ནས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྔར་ལས་བཟང་བོར་སྤེལ་འདོད་ཡོད། བཞི་ནས་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་འདོད་ཡོད། ལྔ་ནས་མཚོ་ཐོག་མཉམ་ལས་སྔར་ལས་བཟང་བོར་སྤེལ་འདོད་ཡོད། དྲུག་ནས་མི་གཞུང་བརྗེ་རེས་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

          ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུང་གོས་སྔར་ལས་རང་འགུལ་གྱི་སྒོ་ནས་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་རྒྱུ་མ་ཟད། རང་སྟེང་གི་འཕེལ་རྒྱས་བརྒྱུད་ནས་མཐའ་འཁོར་གྱི་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོར་ཁེ་ཕན་སྔར་ལས་ཆེན་པོ་བསྐྲུན་རྒྱུ་ཡིན། ཀྲུང་གོས་མ་འོངས་པར་ཚོང་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། ཕྱི་ཕྱོགས་དངུལ་གཏོང་མཉམ་ལས་ཀྱི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་དེ། འཛམ་གླིང་གི་རྒྱལ་ཁབ་སོ་སོར་འཕེལ་རྒྱས་དང་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་རྒྱུ་ཡིན། འཛམ་གླིང་དཔལ་འབྱོར་བསྐྱར་དར་ལ་དམིགས་ནས། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་ཁྱབ་སྟོབས་གསབ་རེས་དང་། གཉིས་ཕན་མཉམ་རྒྱལ་བྱས་ནས། མཉམ་དུ་དཀའ་ཁག་དང་འགྲན་རྩོད་ལས་རྣམ་པར་རྒྱལ་ཏེ། འཛམ་གླིང་གི་དཔལ་འབྱོར་ཤུགས་དྲག་དང་རྒྱུན་སྲིང་། དོ་མཉམ་བཅས་ཀྱི་སྒོ་ནས་འཕར་སྣོན་འབྱུང་བ་དང་། རང་ས་ཁུལ་དར་རྒྱས་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།