ལིས་ཁི་ཆང་གིས་ཧྥ་རན་སིའི་ནོར་སྲིད་དཔོན་པོར་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧྥ་རན་སིའི་ནོར་སྲིད་དཔོན་པོ་སཱ་པན་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧྥ་རན་སིའི་ནོར་སྲིད་དཔོན་པོ་སཱ་པན་ལ་མཇལ་འཕྲད་གནང་།

          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧྥ་རན་སིའི་ནོར་སྲིད་དཔོན་པོ་སཱ་པན་ལ་མཇལ་འཕྲད་གནང་།

          ལིས་ཁི་ཆང་གིས་བསྟན་དོན། མི་འགྱངས་བའི་སྔོན་ལ་ངས་ཧྥ་རན་སིར་འཚམས་འདྲི་བྱེད་སྐབས། ཧྥ་རན་སིའི་མགོ་ཁྲིད་པའི་བར་དུ་ཀྲུང་གོ་དང་ཧྥ་རན་སིའི་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་། དམངས་སྤྱོད་ཉིང་རྡུལ་ནུས་པ་ཇེ་ཆེར་གཏོང་བ། དངུལ་ལོར་སོགས་ཀྱབ་ཁོངས་ཀྱི་མཉམ་ལས་སྤེལ་བ། ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་སྤེལ་བ་བཅས་ཀྱི་ཐད་ནས་ཐུན་མོང་གི་ལྟ་ཚུལ་མང་བོ་བྱུང་། ཀྲུང་གོ་དང་ཧྥ་རན་སིས་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་སྤེལ་ཆེད་ཐུན་མོང་གི་ཐེབས་རྩ་བཙུགས་པ་དེས་ཁྲོམ་རའི་སྦས་ཤུགས་ཆེ་རུ་བསྐྱེད་ནས་མཉམ་ལས་ལ་ཞུགས་པའི་ཕྱོགས་སོ་སོར་ཁེ་ཕན་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཟེར།

          ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་དེ་འཛམ་གླིང་དཔལ་འབྱོར་དང་མཉམ་འདྲེས་བྱུང་ཡོད་ལ། རྗེས་ཕྱོགས་ཀྱི་འཕེལ་རྒྱས་དེ་མཐར་གཏུགས་ན་ད་དུང་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས། ང་ཚོས་ཕྱི་དངུལ་བཀོལ་སྤྱོད་བྱེད་པའི་སྤྱིའི་སྲིད་ཇུས་དེར་འགྱུར་བ་མེད་པར་མུ་མཐུད་དུ་ཕྱི་དངུལ་ནང་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུ་ཡིན་ལ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་ནས་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོའི་གསར་དར་ཐོན་ལས་འཕེལ་རྒྱས་ཁྲོད་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ་ཟེར།

          སཱ་པན་གྱིས་ཧྥ་རན་སིས་ཀྲུང་གོ་སྲིད་གཞུང་དང་མགོ་ཁྲིད་རིམ་པའི་དཔལ་འབྱོར་བཅོས་སྐྱོང་གི་བྱེད་ཐབས་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་བརྟན་འཇགས་སུ་སོང་ནས། མུ་མཐུད་དུ་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་འཇོག་ཐུབ་པར་ང་ཚོར་ཡིད་ཆེས་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།