ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གནང་།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་མགོ་འཛིན་མཛད་དེ་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གནང་།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་བཞུགས་མོལ་ཚོགས་འདུར་ཞུགས།

       ཚོགས་ཐོག་ནས་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དང་ས་གནས་ཁེ་ལས་ཀྱི་འགན་ཁུར་པ་ཁ་ཤས་ཀྱིས་གཏམ་བཤད་དེ། ཁེ་ལས་ཀྱི་དེང་སྐབས་འཁོར་སྐྱོད་དང་གྲུབ་ཚུལ་ལེགས་སྒྲིག བཅོས་སྒྱུར་གསར་སྐྲུན་བཅས་ཀྱི་གནས་ཚུལ་དང་འཕྲད་པའི་འབུར་ཐོན་གནད་དོན་གླེང་། ལིས་ཁི་ཆང་གིས་ནན་ཏན་སྒོས་ཁོ་ཚོའི་བསམ་འཆར་དང་གྲོས་གཞིར་ཉན་པ་མ་ཟད་ཚང་མ་དང་མཉམ་དུ་གྲོས་སྡུར་གནང་།

       ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་དབང་ཁེ་ལས་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་དངོས་པོའི་རྨང་གཞི་དང་ཆབ་སྲིད་རྨང་གཞི་གལ་ཆེན་ཞིག་ཡིན་ལ། འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་ཚིས་ལེགས་བསྒྱུར། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཡིན་ནའང་སྒྲིག་སྲོལ་ལུགས་མཐུན་མིན་པ་དང་། ནང་རྐྱེན་ནུས་ལྡན་མིན་པ། དོ་དམ་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་གནས་པ་མ་ཟད། ད་ལོར་ད་དུང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁེ་སྤོགས་ཇེ་ཉུང་དུ་སོང་བ་དང་། གྱོང་གུད་ཇེ་མང་དུ་སོང་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གིས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་འབྲེལ་ཡོད་དགོངས་དོན་དང་བཀོད་སྒྲིག་ཡང་དགཔར་ཁོང་དུ་ཆུད་པར་བྱེད་པ་དང་དངོས་འབེབས་བྱས་ནས། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་རྒྱུ་ནོར་ཐོན་ཁུངས་ཀྱི་དོ་དམ་སྒྲིག་སྲོལ་དང་། དེང་རབས་ཁེ་ལས་ཀྱི་ལམ་ལུགས་དང་ཁྲོམ་ར་ཅན་གྱི་བདག་གཉེར་ནང་རྐྱེན་འཐུས་ཚང་དུ་གཏོང་བ། རྨང་གཞི་དཔལ་འབྱོར་ལམ་ལུགས་རྒྱུུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་པ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

        ལིས་ཁི་ཆང་གིས་བསྟན་དོན། རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱེད་དགོས་ནས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་དེ་ཚད་གཞིར་བཟུང་ནས། མཐའ་མཇུག་གི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་ཐད་ནས་མངོན་དགོས། གསར་སྐྲུན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས། རྒྱལ་དབང་ཁེ་ལས་བཅོས་སྒྱུར་དེ་དམངས་ཡོངས་ཀྱི་གསར་སྐྲུན་དང་དམ་དུ་སྦྲེལ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་ལ་ཡར་སྐུལ་བྱེད་དགོས། རྒྱལ་དབང་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ནས། རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་བྱེད་དགོས་པ་དང་། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་དུ་ཞུགས་ནས། སྒོ་འབྱེད་ཚད་སྔར་ལས་ཇེ་ཆེར་གཏོང་བའི་ཁྲོད་ནས་མཉམ་ལས་ལ་ཤུགས་བསྣན་ཏེ། འཕེལ་རྒྱས་ཀྱི་བར་གསེང་གསར་གཏོད་བྱེད་དགོས། ཏང་གིས་རྒྱལ་དབང་ཁེ་ལས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་བྱས་ནས། ཁེ་ལས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས་ཟེར།

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།