ལིག་ཡུན་ཧྲན་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ས་གནས་དང་ལས་ཁུངས་ཁ་ཤས་ཀྱི་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གོས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ས་གནས་དང་ལས་ཁུངས་ཁ་ཤས་ཀྱི་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གོས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚེས་ཉེར་གཅིག་ཉིན་ས་གནས་དང་ལས་ཁུངས་ཁ་ཤས་ཀྱི་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གོས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས་ནན་གྱིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་ཐེངས་ཉེར་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། ཕྱོགས་སོ་སོའི་བྱ་བ་བཟང་བོར་བསྒྲུབས་ཏེ། ཆེད་དོན་སློབ་གསོ་བྱ་འགུལ་ལ་ནན་ཏན་སྒོས་སྐུལ་འདེད་གཏོང་དགོས་ཟེར།

       བཞུགས་མོལ་ཚོགས་འདུའི་སྟེང་། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཆེད་དོན་སློབ་གསོ་བྱ་འགུལ་སྤེལ་བའི་ཚུན་ལ། མགོ་ཁྲིད་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་ཇེ་མཐོར་སོང་བ་དང་། ཀུན་སྤྱོད་ཇེ་བཟང་དུ་སོང་ཡོད་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་ནང་དོན་གཙོ་བོ་ཡིན་པའི་ཐུན་མོང་གི་སློབ་སྦྱོང་སྤེལ་ཏེ། ཏང་ཡོངས་ལ་མིག་དཔེ་ཐེངས་ཤིག་བསྟན་པར་སྙམ།

       ལིག་ཡུན་ཧྲན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་གཏན་ལ་ཕབ་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དུས་དང་རྣམ་པ་ཀུན་དུ་རེ་བ་གསར་བ་སེམས་ལ་བཅངས་པ་དང་དེ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། མིག་དཔེའི་ནུས་པ་དངོས་སུ་འདོན་སྤེལ་བྱེད་དགོས་ཟེར།

       ལིག་ཡུན་ཧྲན་གྱིས་ནན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཆེད་དོན་སློབ་གསོའི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། ལྟ་སྐུལ་མཛུབ་སྟོན་བྱ་བ་གཙིགས་འཛིན་བྱས་ནས། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ལ། ཕྱོགས་གཉིས་ནས་འཛིན་པ་དང་ཕྱོགས་གཉིས་ནས་སྐུལ་འདེད་བཏང་སྟེ། ཆེད་དོན་སློབ་གསོ་བྱ་བའི་གནད་ས་དེ་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སྟེང་འཇོག་པ་དང། བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་བཞག་ནས་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཆེད་དོན་སློབ་གསོའི་གྲུབ་འབྲས་ལ་ཚད་ལེན་ཞིབ་བཤེར་བྱེད་དགོས་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།