ལིག་ཡུན་ཧྲན་གྱིས་རྒྱུད་གཅིག་ལམ་གཅིག་སྨྱན་བྱད་མཉམ་ལས་གླེང་སྟེགས་ཀྱི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་སྨྱན་བྱད་མཉམ་ལས་གླེང་སྟེགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་སྨྱན་བྱད་མཉམ་ལས་གླེང་སྟེགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་འཐུས་མིར་མཇལ་འཕྲད་གནང་།

       ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་མགོ་བཏོན་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དེ་ཞི་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ནང་དོན་གཙོ་བོ་དང་མཐུན་ཞིང་། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་ཡར་ཐོན་གྱི་གནས་བབ་ཆེན་པོ་དང་གཅིག་གྱུར་ཡིན་ལ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་དང་ཡང་མཐུན་པས། རྒྱལ་ཁབ་སོ་སོའི་སྨྱན་བྱད་ཀྱིས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་འདོན་སྤེལ་བྱེད་པ་དང་། རང་ཉིད་ཀྱི་ཁྱད་སྟོབས་འདོན་སྤེལ་བྱས་ནས། མི་སྣའི་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། བྱེད་སྒོ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། གསར་འགྱུར་ཆ་འཕྲིན་མཉམ་དུ་ལོངས་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དམ་དུ་གཏོང་བ་བཅས་ཐད་ཀྱི་བྱ་བ་བཟང་བོར་བསྒྲུབས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པར་དྲང་ཕྱོགས་ཀྱི་ནུས་ཚད་སྔར་ལས་མང་པོ་འདོན་སྤེལ་བྱེད་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

       ཕྱི་རྒྱལ་གྱི་སྨྱན་བྱད་ཀྱི་འཐུས་མིས་གཏམ་བཤད་སྐབས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དེ་འགྲམ་རྒྱུད་རྒྱལ་ཁབ་ལ་ཁེ་ཕན་ཐོབ་སྲིད་པས། རྒྱལ་ཁབ་སོ་སོའི་སྨྱན་བྱད་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་འདོད་ཡོད་པའི་ཚུལ་བསྟན། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།