ཞི་ཅིན་ཕེན་ཞི་ཡ་ཐུའུ་ལ་ཐོན་ནས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཟླ9བའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་ཀྲིག་གི་གྲོང་ཁྱེར་ཆེས་ཆེན་པོ་ཞི་ཡ་ཐུའུ་ལ་ཐོན་ནས། ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། འདི་ནི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་གནམ་གྲུ་ལས་འབབ་པའི་ཚུལ་རེད།

ཟླ9བའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་ཀྲིག་གི་གྲོང་ཁྱེར་ཆེས་ཆེན་པོ་ཞི་ཡ་ཐུའུ་ལ་ཐོན་ནས། ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས། འདི་ནི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་གནམ་གྲུ་ལས་འབབ་པའི་ཚུལ་རེད།

       ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་ཀྲིག་གི་གྲོང་ཁྱེར་ཆེས་ཆེན་པོ་ཞི་ཡ་ཐུའུ་ལ་ཐོན་ནས། ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

       ས་དེའི་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་ཞི་ཡ་ཐུའུ་ཡི་ཕེ་དབྱིན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན་པ་དང་། ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་དལ་གྱིས་གནམ་གྲུ་ལས་བབས། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡི་འཐུས་མི། ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དབྱིན་ཅི་ལེ་དང་ཁོའི་ལྕམ་མོ། ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས། ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ་མཱོ་ལེ་བཅས་ཀྱིས་ས་དེའི་དཔོན་རིགས་གཙོ་བོ་དང་ལས་རིགས་སོ་སོའི་མཛའ་མཐུན་མི་སྣ་ཁྲིད་དེ་གནམ་གྲུ་ཐང་ནས་ཞི་ཅིན་ཕེན་བཟའ་ཟླ་གཉིས་འཚམས་འདྲིར་ཐོན་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ས་དེའི་བྱིས་པས་ཞི་ཅིན་ཕེན་བཟའ་ཟླ་གཉིས་ལ་མེ་ཏོག་ཕུལ།

       ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་རླབས་ཆེ་བའི་རྒྱལ་ཁ་གཉིས་ཡིན་ལ། ཀྲུང་གོ་མི་དམངས་དང་ཨ་རིའི་མི་དམངས་ནི་རླབས་ཆེ་བའི་མི་དམངས་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་སོ་དྲུག་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དཀའ་ཁག་སྣ་ཚོགས་ལས་བརྒལ་ཏེ་གོང་འཕེལ་དུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད། དེང་སྐབས། ཀྲུང་གོ་དང་ཨ་རིའི་བར་གྱི་ཁེ་ཕན་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་ལ། མཉམ་ལས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་གཞོགས་འདེགས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་བར་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་གསར་བ་བཙུགས་ཏེ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ངོ་རྒོལ་མི་བྱེད་པར་ཕན་ཚུན་བརྩི་བཀུར་དང་མཉམ་ལས་མཉམ་རྒྱལ་བྱེད་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་རེ་འདོད་ཡིན་ལ། དེ་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་གདམ་གསེས་ཡང་དག་ཀྱང་ཡིན། ང་ཐེངས་འདིར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ཡང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཨ་མེ་རི་ཁའི་བར་དུ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་བ་འཛུགས་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་རྒྱུ་དེ་ཡིན། ངས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནས་བབ་ཐད་ནས་ཙུང་ཐུང་ཨོ་པ་མ་དང་བསམ་ཚུལ་བརྗེ་རེས་རྒྱ་ཆེན་པོ་བྱེད་པ་དང་། ཨ་རིའི་ལས་རིགས་སོ་སོའི་མི་སྣར་འབྲེལ་འདྲིས་རྒྱ་ཆེན་པོ་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་ཇུས་ཆེན་ལ་གྲོས་སྡུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

       ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅི་ཁྲི་སོགས་ཀྱང་གནམ་གྲུ་གཅིག་ཏུ་བསྡད་དེ་ཞི་ཡ་ཐུའུ་ལ་ཐོན།

       ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚོས་ཐེན་ཁའེ་ཡང་གནམ་གྲུ་ཐང་དུ་བསུ་མར་ཐོན།

       ཞི་ཡ་ཐུའུ་ནི་ཞི་ཅིན་ཕེན་གྱི་ཨ་རིའི་འགྲུལ་བཞུད་ཀྱི་ས་ཚིགས་དང་བོ་རེད། དེའི་རྗེས་སུ་ཞི་ཅིན་ཕེན་ད་དུང་ཝ་ཧྲིན་ཏོན་ལ་ཕེབས་ཏེ་མུ་མཐུད་འཚམས་འདྲི་མཛད་རྒྱུ་ཡིན་པ་མ་ཟད། ཉིག་ཡའོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ལ་ཕེབས་ནས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཏེ་ལོ་འཁོར་བདུན་ཅུ་ལོན་པའི་མཐོ་རིམ་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།