ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་གཉིས་ཉིན་ཞི་ཡ་ཐུའུ་ནས་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དབྱིན་སི་ལེ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ་མཱོ་ལེ། ཝ་ཧྲིན་ཏོན་ཀྲིག་གི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་ཕ་ཏེ། རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་མི་སྣ་ལཱ་སིན། ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལོ་ཅ་ཧོས་སོགས་ལ་མཇལ་འཕྲད་གནང་།

       ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་གལ་ཆེན་གཉིས་ཡིན། ཉིས་སྟོང་བཅུ་གསུམ་ལོར། ང་དང་ཙུང་ཐུང་ཨོ་པ་མས་ཨན་ན་པོ་ཀི་གཞིས་ཀ་ནས་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་འཐད་པ་བྱུང་། ཀྲུང་གོ་དང་ཨ་མེ་རི་ཁས་ཕན་ཚུན་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་ལ་བརྩི་བཀུར་བྱས་ཤིང་། མཉམ་ལས་མཉམ་རྒྱལ་བྱས་ན། རྒྱལ་ཁབ་གཉིས་ལ་ཕན་པ་མ་ཟད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡང་ཕན་པ་ཡོད། ང་ཚོ་མཉམ་དུ་འཕྲད་པའི་གནད་དོན་དག་མཉམ་དུ་ཐག་གཅོད་དགོས་ཏེ། དེ་ལྟར་བྱས་ན་འཛམ་གླིང་ད་གཟོད་སྔར་ལས་ཇེ་བཟང་དུ་འགྲོ་ཐུབ་པ་དང་སྔར་ལས་མྱུར་མོར་འཕེལ་རྒྱས་སུ་འགྲོ་ཐུབ། ངས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཙུང་ཐུང་ཨོ་པ་མ་དང་ཨ་མེ་རི་ཁའི་ལས་རིགས་སོ་སོའི་མི་སྣ་དག་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཇུས་ཆེན་ལ་གྲོས་སྡུར་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་མཉམ་ལས་ཀྱི་འཆར་གཞི་བཀོད་དེ། ཀྲུང་གོ་དང་ཨ་རིའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་པར་རེ་སྒུག་བྱས་ཡོད་ཟེར།

       ཞི་ཅིན་ཕེན་གྱིས་བསྟན་དོན། ཝ་ཧྲིན་ཏོན་ཀྲིག་དང་ཞི་ཡ་ཐུའུ་གྲོང་ཁྱེར་ནི་ཨ་མེ་རི་ཁ་ཀྲུང་གོ་དང་ཨེ་ཤ་ཡ་ལ་བསྐྱོད་པའི་སྒོ་མོ་ལྟ་བུ་ཡིན་ལ། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་བརྗེ་རེས་ཉིན་རེ་བཞིན་ཇེ་དམ་དུ་སོང་བ་དང་། མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྗེས་ཕྱོགས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། མི་གཞུང་བརྗེ་རེས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱེད་པ། གསར་གཏོད་ལས་རིགས་དང་སྐྱེ་དངོས་ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ་བཅས་བྱས་ཏེ་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།