རྒྱལ་ཡོངས་ཀྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་ཚོགས།

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་ཀྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་ཀྲང་ཀའོ་ལིས་གཉིས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་ཀྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཐེངས་ལྔ་བ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་ཀྲང་ཀའོ་ལིས་གཉིས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྒྱལ་ཡོངས་ཀྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་ཀྲང་ཀའོ་ལིས་གཉིས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། གྲོས་ཚོགས་ནས་ནན་ཏན་གྱི་སྒོ་ནས་ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཞིན་ཅང་བྱ་བའི་སྐོར་གྱི་འབྲེལ་ཡོད་མཛུབ་སྟོན་རབ་དང་རིམ་པ་ལག་བསྟར་དངོས་འབེབ་བྱེད་པ་དང་བྱ་བར་སྤྱི་བསྡོམས་བྱེད་པ། གནས་བབ་ལ་དབྱེ་ཞིབ་བྱེད་པ། འོས་འགན་བཀོད་སྒྲིག་བཅས་བྱས་ཏེ། ཞིན་ཅི་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་སྐུལ་འདེད་བཏང་ནས་ཞིན་ཅང་གི་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབབྱེད་པ་དང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱི་ཚོགས་གཏན་འཇགས་དང་ཡུན་སྐྱོང་བདེ་འགོད་དེ་དམིགས་འཛུགས་ས་དང་ཤུགས་འདོན་སར་བརྩིས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་ནན་་ཏན་གྱི་སྒོ་ནས་འཆར་འགོད་དང་ཡར་སྐུལ་བྱེད་དགོས། ནམ་ཡིན་ཡང་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྩ་དོན་གལ་ཆེན་དམ་འཛིན་བཟང་བོ་བྱེད་དགོས་ཏེ། ངེས་པར་དུ་མི་སེམས་གཅིག་ཏུ་བསྡུ་བ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་རིགས་སོ་སོའི་མི་རིགས་འགྲོ་འོང་བརྗེ་རེས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་བྱ་བ་ཡོད་ཚད་དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཞིན་ཅང་གི་སྤྱི་ཚོགས་གཏན་འཇགས་དང་ཡུན་སྐྱོང་བདེ་འགོད་ཀྱི་དངོས་བོའི་རྨང་གཞི་དང་བསམ་བློའི་རྨང་གཞི། སྤྱི་ཚོགས་རྨང་གཞི་བཅས་སྲ་བརྟན་དུ་གཏོང་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་ངེས་པར་དུ་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་ཡང་དག་ནུས་ཡོད་བཅས་ཀྱི་ཕྱོགས་ལ་རེ་བ་འགའ་བཏོན། གཅིག་ནས་ལས་ཞུགས་སྔར་ལས་རྒྱ་བསྐྱེད་པར་མཐོང་ཆེན་བྱེད་པ་དང་ཁེ་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་དེ་ཆེས་ལེགས་པའི་དམིགས་འབེན་དུ་བརྩིས་ནས། ས་གནས་ཀྱི་མི་དམངས་མང་ཚོགས་རྣམས་གཏན་འཇགས་ངང་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱེད་དགོས། གཉིས་ནས་སློབ་གསོ་དམ་འཛིན་བྱེད་རྒྱུ་གཙོད་གནད་དུ་བཟུང་སྟེ། སྐད་གཉིས་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་ཤུགས་བསྣན་ནས། ནང་ལོག་ན་ཡོད་པའི་ཞིན་ཅང་གི་ཁྱིམ་ཐོ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་སློབ་གསོའི་ཞབས་ཞུའི་བྱ་བར་ཤུགས་སྣོན་དགོས། གསུམ་ནས་ཤེས་ལྡན་མི་སྣས་ཞིན་ཅང་ལ་རོགས་སྐྱོར་བྱེད་པར་མཐོང་ཆེན་བྱས་ཏེ། ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ཤེས་ལྡན་མི་སྣའི་གདམ་མངགས་སྲིད་ཇུས་དང་ཤེས་ལྡན་མི་སྣའི་འགན་སྲུང་སྲིད་ཇུས་ལ་ཞིབ་འཇུག་བྱས་ཏེ་འཐུས་ཚང་དུ་བཏང་ནས། གཅིག་གྱུར་གྱིས་ཞིན་ཅང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དོ་དམ་དང་ཞབས་ཞུའི་ནང་རྐྱེན་འཛུགས་དགོས། བཞི་ནས་གཞི་རིམ་དང་ནང་སྒོས་སུ་རོང་འབྲོག་ཁུལ་གྱི་བྱ་བར་དོ་སྣང་ཆེན་པོ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུའི་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ལྔ་ནས་མི་རིགས་མཐུན་སྒྲིལ་ལ་སྔར་ལས་ཤུགས་སྣོན་པར་མཐོང་ཆེན་བྱས་ཏེ། ཞིན་ཅང་དང་ནང་ལོག་གི་རིགས་སོ་སོའི་མང་ཚོགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་དགོས། དྲུག་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་གཏན་འཇགས་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་པར་མཐོང་ཆེན་བྱེད་པ་དང་། འཇིགས་སྐུལ་ལ་ངོ་རྒོལ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཞིན་ཅང་བྱ་བའི་ཁྱབ་ཁོངསས་སུ་བཞག་ནས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལེགས་པོ་བྱེད་དགོས་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།