ཞི་ཅིན་ཕེན་གྱིས་ཨ་རིའི་ཙུང་ཐུང་ཨོ་པ་མར་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཝ་ཧྲིན་ཏོན་གྱི་པུའུ་ལེར་རྒྱལ་མགྲོན་ཁང་ནས་ཨ་རིའི་ཙུང་ཐུང་ཨོ་པ་མར་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཝ་ཧྲིན་ཏོན་གྱི་པུའུ་ལེར་རྒྱལ་མགྲོན་ཁང་ནས་ཨ་རིའི་ཙུང་ཐུང་ཨོ་པ་མར་མཇལ་འཕྲད་གནང་།

 

 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཝ་ཧྲིན་ཏོན་གྱི་པུའུ་ལེར་རྒྱལ་མགྲོན་ཁང་ནས་ཨ་རིའི་ཙུང་ཐུང་ཨོ་པ་མར་མཇལ་འཕྲད་གནང་།

 

          ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕེན་ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་ལ་ཐོན་ནས་ཅང་མ་འགོར་བར། ཨོ་པ་མའི་གདན་དྲངས་པ་ལྟར་ཕོ་བྲང་དཀར་པོར་ཕེབས་པ་དང་། ཨོ་པ་མ་ཡིས་སྒོ་མདུན་ནས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་པེན་ཞི་ཧྥ་ཉི་ཡ་སྲང་ལམ་ཆེན་མོ་བརྒྱུད་དེ་པུའུ་ལེར་རྒྱལ་མགྲོན་ཁང་དུ་ཕེབས།

 

          རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དུས་ཚོད་གསུམ་གྱི་རིང་ལ་གསུང་གླེང་མཛད་དེ། རྒྱལ་སྐྱོང་སྲིད་འཛིན་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་སོགས་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། ཨ་རིའི་ཙུང་ཐུང་གཞོན་པ་པད་ཏིན་དང་། རྒྱལ་སྲིད་བློན་ཆེན་ཁི་ལེ་སོགས་མཇལ་འཕྲད་ལ་ཞུགས།

 

          ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་ལ། རྗེས་ཕྱོགས་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་སྒུལ་ཤུགས་ཀྱང་ཡིན། ཀྲུང་གོས་ཕྱི་རུ་ཕྱོགས་པའི་སྒོ་མོ་དེ་ནམ་ཡང་རྒྱག་མི་སྲིད་པས། ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཕྱིན་ཆད་ཀྲུང་གོ་ནས་དངུལ་གཏོང་ཚོང་གཉེར་བྱེད་པར་སྔར་ལས་ཀྱང་སྒོ་འབྱེད་དང་ཁོད་ཡངས། མངོན་གསལ་བཅས་ཀྱི་ཁོར་ཡུག་ཅིག་ཡོད་སྲིད། ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ནི་ཀྲུང་གོའི་འཐབ་ཇུས་ཀྱི་གདམ་གསེས་ཡིན་ལ། ང་ཚོས་ལོ་རྒྱུས་དང་དངོས་ཡོད། མ་འོངས་བཅས་ལ་གཞིགས་ནས་ལུགས་མཐུན་གྱི་བརྡར་ཤ་བཅད་པའི་སྡོམ་ཚིག་ཀྱང་ཡིན་ཟེར།

 

          ཨོ་པ་མ་ཡིས་བསྟན་དོན། ཨ་རིས་ཀྲུང་གོ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོ་བརྟན་འཇགས་དར་རྒྱས་སུ་སོང་ན། ཀྲུང་གོ་མི་དམངས་ཀྱི་ཁེ་ཕན་ལ་མཐུན་པ་མ་ཟད། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་ལ་ཡང་མཐུན། འཛམ་གླིང་ད་ལྟ་སྣེ་མང་ཅན་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན་ལ། ཀྲུང་གོ་སོགས་གསར་དར་རྒྱལ་ཁབ་ཀྱི་རྒྱལ་སྤྱི་སྟེང་གི་གཏམ་བཤད་དབང་ཆ་དང་འཐུས་ཚབ་རང་བཞིན་ཇེ་མཐོར་འགྲོ་འོས་པ་དང་། ཨ་མེ་རི་ཁས་ཀྲུང་གོས་འཛམ་གླིང་སྟེང་ནུས་པ་གལ་ཆེན་འདོན་པར་རེ་སྒུག་བྱས་ཡོད་ཟེར།

 

          ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རིས་ཕན་ཚུན་ལ་ངོ་རྒོལ་མི་བྱེད་པ་དང་། ཕན་ཚུན་བརྩི་བཀུར་དང་མཉམ་ལས་གཉིས་རྒྱལ་བྱེད་པ་ནི། ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་བསལ་ཁ་ཕྱོགས་ཡིན་ལ། འུ་གཉིས་ཀྱིས་ཨན་ན་པོ་ཀི་གཞིས་ཀ་ནས་ཐུག་འཕྲད་བྱས་པའི་ཚུན་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། གྲུབ་འབྲས་དེ་དག་ནི་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དེར་དགའ་སྤྲོ་ཆེན་པོ་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱང་དེར་ཧ་ཅང་དགའ་ཡོད་ཟེར།

 

          ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་བར་དུ་འགལ་བ་ཁ་ཤས་ཀྱང་ཡོད་མོད། ཡིན་ནའང་རྒྱལ་ཁབ་གཉིས་བར་གྱི་ཁེ་ཕན་དེ་འགལ་བ་ལས་ཧ་ཅང་ཆེ་བས། ཕྱོགས་གཉིས་ཀྱིས་ནམ་ཡིན་རུང་མཉམ་ལས་བྱེད་ཀྱིན་ཡོད། དོན་དངོས་ལས་ཀྲུང་གོ་དང་ཨ་རིའི་བར་དུ་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པའི་དམིགས་ཡུལ་དེ་ཧ་ཅང་ཡང་དག་པ་དང་དེར་གསོན་ཤུགས་ཆེན་པོ་ལྡན་པ་ར་སྤྲོད་བྱུང་ཡོད་པས། ཕྱོགས་གཉིས་ཀྱིས་དེའི་ཕྱོགས་ནས་འབད་པ་བྱེད་དགོས། ཕྱིན་ཆད་ཕྱོགས་གཉིས་ཀྱིས་མཐོ་རིམ་འགྲོ་འོང་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་མཉམ་ལས་རྒྱ་བསྐྱེད་པར་འབད་བརྩོན་བྱེད་པ། འགལ་བ་ལུགས་མཐུན་སྒོས་ཐག་གཅོད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

 

          ཨོ་པ་མ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོས་ཕན་ཚུན་བར་གྱི་འགལ་བར་ཚོད་འཛིན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་པ་དང་། ཕྱོགས་གཉིས་བར་གྱི་འགྲན་རྩོད་ནི་འཛུགས་སྐྲུན་རང་བཞིན་གྱི་འགྲན་རྩོད་ཅིག་ཡིན་པས་དེར་དོན་སྙིང་བཟང་བོ་ལྡན་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།