ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མས་བསྡུས་པའི་གསོལ་སྟོན་ལ་ཞུགས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མས་ཕོ་བྲང་དཀར་པོ་ནས་ཁོང་རྣམ་གཉིས་ལ་བསྡུས་པའི་གསོལ་སྟོན་ལ་ཞུགས།

          གསོལ་སྟོན་མགོ་བརྩམས་རྗེས། ཨོ་པ་མ་དང་ཞི་ཅིན་ཕེན་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ། ཨོ་པ་མས་བཤད་རྒྱུར། བདག་དང་ཀྲུའུ་ཞི་ཞི་ཅིན་ཕེན་གཉིས་ཀྱིས་ཐེངས་འདིའི་གྲོས་མོལ་ཁྲོད་དུ་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ཨ་མེ་རི་ཁ་དང་ཀྲུང་གོས་མཉམ་ལས་བྱེད་དགོས་པར་མ་ཟད་མཉམ་ལས་སྲུང་འཛིན་བྱེད་དགོས་ལ། རྒྱུ་མཚན་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཡུན་རིང་མཛའ་མཐུན་ཡོང་བར་ང་ཚོར་ཡིད་ཆེས་ཆེན་པོས་ཁེངས་ཡོད་པ་དེ་ཡིན་ཟེར།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་གིས་ད་ཐེངས་ཨ་མེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བ་ནི་ནམ་ཡང་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན། ཨ་མེ་རི་ཁའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་དང་འདྲ་བར་ཕན་ཚུན་ལ་མཛའ་བཤེས་ཟབ་མོ་བཅངས་ཡོད་པ་དང་ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་བཟང་བོ་བྱེད་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། བདག་དང་ཙུང་ཐུང་ཨོ་པ་མ་གཉིས་ཀྱིས་ཡུན་རིང་ལ་བརྗེ་རེས་བྱས་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སོགས་གནད་དོན་གལ་ཆེན་ཐད་ནས་བསམ་བློ་བརྗེ་རེས་བྱས་ནས་ཐུན་མོང་གི་ལྟ་བ་གང་མང་བྱུང་ཟེར།

          ཨོ་པ་མ་དང་ཀྲུའུ་ཞི་ཞི་ཅིན་ཕེན་རྣམ་གཉིས་ཀྱིས་ཤིས་ཚིག་ཕུལ་རྗེས། ཨ་མེ་རི་ཁའི་སྒྱུ་རྩལ་པ་རྣམས་ཀྱིས་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།