ཞི་ཅིན་ཕེན་ཨ་རིའི་ཙུང་ཐུང་གཞོན་པ་པད་ཏིན་དང་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་མཉམ་དུ་བསྡུས་པའི་དགའ་བསུའི་གུང་ཚིགས་གསོལ་སྟོན་ལ་ཞུགས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ས་དེའི་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པད་ཏིན་དང་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མཉམ་འབྲེལ་སྒོས་བསྡུས་པའི་དགའ་བསུའི་གུང་ཚིགས་གསོལ་སྟོན་ལ་ཞུགས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ས་དེའི་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པད་ཏིན་དང་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མཉམ་འབྲེལ་སྒོས་བསྡུས་པའི་དགའ་བསུའི་གུང་ཚིགས་གསོལ་སྟོན་ལ་ཞུགས།

 

 

          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ས་དེའི་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པད་ཏིན་དང་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མཉམ་འབྲེལ་སྒོས་བསྡུས་པའི་དགའ་བསུའི་གུང་ཚིགས་གསོལ་སྟོན་ལ་ཞུགས།

 

          ཞི་ཅིན་ཕེན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ད་ལོ་ནི་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡང་རེད། ལོ་ངོ་བདུན་ཅུའི་སྔོན་ལ། ཀྲུང་གོ་དང་ཨ་མེ་རི་ཁས་ལག་རྡང་མཉམ་སྦྲེལ་གྱིས་དམག་འཁྲུག་ལ་ཞུགས་ཏེ་མཉམ་དུ་ཧྥ་ཤི་སིའི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་རང་དབང་། དྲན་བདེན་བཅས་ལ་སྲུང་སྐྱོབ་བྱས། ཀྲུང་གོ་མི་དམངས་ཀྱིས་ཨ་རིའི་མི་དམངས་ཀྱིས་རོགས་སྐྱོར་རྩ་ཆེན་གནང་བ་དེ་ནམ་ཡང་བརྗེད་མི་སྲིད། ལོ་ངོ་བདུན་ཅུའི་རིང་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་སོང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད། མ་འོངས་པར་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་བ་དང་། ཞི་བདེ་མཉམ་གནས་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་དགོས་ཟེར།

 

          ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ངས་དང་ཙུང་ཐུང་ཨོ་པ་མ་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་དུ་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པར་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་བཞིན་ཡོད། ཐུན་མོང་གི་ལྟ་བ་འདིའི་ཁྲིད་སྟོན་འོག་ཏུ། ཐེངས་འདིའི་འཚམས་འདྲི་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། དངུལ་གཏོང་དང་མི་གཞུང་བརྗེ་རེས། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཕྱོགས་མང་ལས་དོན་གྱི་མཐུན་སྦྱོར་དང་མཉམ་ལས་སོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད། འདིའི་འཛམ་གླིང་ལ་ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་ལ་ཤུགས་སྣོན་པ་དང་འགྲན་རྩོད་མཉམ་བསུ་བྱེད་པའི་བརྡ་གསལ་བོ་བཏང་བ་རེད། ང་ཚོས་ལག་རྡང་མཉམ་སྦྲེལ་གྱིས་འབད་བརྩོན་ལྷོད་མེད་བྱས་ན། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རྣམ་པ་གསར་བ་བསྐྲུན་ཐུབ་པར་གྱུར་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

 

          པད་ཏིན་གྱིས་བཤད་རྒྱུར། ཨ་རི་དང་ཀྲུང་གོའི་བར་གྱི་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱི་བར་དུ་གནད་དོན་ཡོད་ན་ཡང་ཐག་གཅོད་མི་ཐུབ་པའི་གནད་དོན་ཞིག་མེད་ལ། རྒྱལ་ཁབ་གཉིས་བར་དུ་འགྲན་རྩོད་ཡོད་ན་ཡང་། དེ་ནི་བདེ་ཐང་གི་འགྲན་རྩོད་འབྲེལ་བ་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་དེར་བརྟེན་ནས་ཕན་ཚུན་ལ་སློབ་སྦྱོང་བྱེད་པ་དང་མཉམ་དུ་གོང་འཕེལ་ལ་གཏོང་དགོས་ཟེར།

 

          ཁི་ལེ་ཡིས་ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱས་ན། ཕྱོགས་གཉིས་བར་གྱི་འགལ་བ་ཡོངས་སུ་སེལ་ནས་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་ཅེས་བཤད།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།