ཞི་ཅིན་ཕེན་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་དྲུག་ཉིན་ཉིག་ཡོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་དུ་བསྡུས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གྲོས་ལ་ཞུགས་པར་མ་ཟད་མགོ་འཛིན་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་དྲུག་ཉིན་ཉིག་ཡོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་དུ་བསྡུས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གྲོས་ལ་ཞུགས་པར་མ་ཟད་མགོ་འཛིན་མཛད།

       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས་ཉེར་དྲུག་ཉིན་ཉིག་ཡོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་དུ་བསྡུས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གྲོས་ལ་ཞུགས་པར་མ་ཟད་མགོ་འཛིན་མཛད། ཁོང་གིས་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་དང་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཉམས་མྱོང་སྤྱི་སྡོམ་བྱས་པ་དང་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་གཞི་ཆེན་པོར་མཉམ་དུ་གྲོས་མོལ་མཛད། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོ་མ་དང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་སོགས་རྒྱལ་ཁབ་ཀྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་གྲོས་ཚོགས་ལ་ཞུགས།

       ཞི་ཅིན་ཕེན་གྱིས་གསུངས་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་སྒོས་རང་ཉིད་སྟོབས་ལྡན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། འདྲ་མཉམ་ཡིད་ཆེས་དང་གཉིས་ཕན་མཉམ་རྒྱལ། མཐུན་སྒྲིལ་རོགས་ལས་བཅས་ཀྱི་མཉམ་ལས་ཤིག་ཡིན་པར་མ་ཟད་ང་ཚོས་འཕེལ་རྒྱས་དང་དར་རྒྱས་སུ་འགྲོ་བའི་བགྲོད་ལམ་ཞིག་གསར་གཏོད་བྱེད་པར་རོགས་རམ་བྱེད་པ་ཡིན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱིས་ངེས་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་དང་འཛམ་གླིང་གི་དཔལ་འབྱོར་ཡུན་རིང་དང་དོ་མཉམ་སྒོས་འཕར་བར་སྐུལ་འདེད་གཏོང་བའི་ཐད་ལ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར།

       ཞི་ཅིན་ཕེན་གྱིས་དུས་སྐབས་གསར་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ལ་གྲོས་གཞི་འགའ་བཏོན། གཅིག སྣ་མང་ཅན་གྱི་འཕེལ་རྒྱས་བགྲོད་ལམ་འཚོལ་བར་བརྩོན་ལེན་བྱེད་དགོས། གཉིས། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐབས་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བར་བརྩོན་ལེན་བྱེད་དགོས། གསུམ། དངོས་གཉེར་འཕེལ་རྒྱས་གྲུབ་འབྲས་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས། བཞི། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཁོག་འཐུས་ཚང་དུ་གཏོང་བར་བརྩོན་ལེན་བྱེད་དགོས་པ་བཅས་རེད།

       ཞི་ཅིན་ཕེན་གྱིས་མཇུག་མཐར་བསྟན་དོན། ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་གྱིས་རྒྱལ་ཁབ་སོ་སོར་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་ཁེལ་བྱས་པར་མ་ཟད་སྔར་ལས་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་བཏོན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱེད་པ་གོ་སྐབས་བཟུང་སྟེ་སྔར་ལས་མཐོ་བའི་རིམ་པ་དང་སྔར་ལས་ཆེ་བའི་ཁྱབ་ཁོངས་སུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།