ལིག་ཡུན་ཧྲན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་དགུ་ཉིན་གྱི་དགོང་མོར་ཕེན་རིང་པེ་ཧྭ་ལྡུམ་རའི་མགྲོན་ཁང་ནས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་ལ་མཇལ་འཕྲད་གནང་།

ལིག་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཅིན་ཀྲིན་ཨིན་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚན་བཀོད་པའི་འཕྲིན་ཡིག་སྤྲད།

       ལིག་ཡུན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཅིན་ཀྲིན་ཨིན་ལ་བརྩེ་བའི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚན་བཀོད་པའི་འཕྲིན་ཡིག་སྤྲད། ཞི་ཅིན་ཕེན་གྱིས་འཕྲིན་ཡིག་ནང་དུ་གསུངས་རྒྱུར། ཀྲུང་གོ་དང་ཁྲའོ་ཞན་གཉིས་བར་གྱི་སྲོལ་རྒྱུན་གྱི་མཛའ་བཤེས་དེ་ཕྱོགས་གཉིས་ཀྱི་མགོ་ཁྲིད་རྒན་རབས་པ་རྣམས་ཀྱིས་བསྐྲུན་པ་ཡིན་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན་པས། ང་ཚོས་དེར་གཙིགས་འཛིན་ནན་མོ་བྱེད་དགོས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་། འཐབ་ཇུས་ཀྱི་ཚད་མཐོན་པོ་དང་ཡུན་རིང་གི་ཚད་ནས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྲུང་སྐྱོབ་བཟང་བོ་དང་། ཇེ་བརྟན་བཟང་བོ། འཕེལ་རྒྱས་བཟང་བོ་བཅས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། གནས་བབ་གསར་བའི་འོག ང་ཚོས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བའི་ཁྱོན་ཡོངས་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་ཇུས་ཆེན་ནས་མགོ་བརྩམས་ཏེ། ཁྲའོ་ཞན་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དམ་པོ་བྱེད་པ་དང་། མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་འབྲེལ་བ་དུས་ཡུན་རིང་བོར་སྐྱོན་བྲལ་ཞིང་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་བྲིས་ཡོད།

       ཅིན་ཀྲིན་ཨིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་འཕྲིན་ཡིག་བསྐུར་བར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་མ་ཟད། ལིག་ཡུན་ཧྲན་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

       ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཁྲའོ་ཞན་ཏང་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་སུ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ལིག་ཡུན་ཧྲན་ཚོགས་གཙོ་ཡིན་པའི་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲའོ་ཞན་ལ་འཚམས་འདྲིར་མངགས་པ་དེ་ནི་ཁྲའོ་ཞན་ཏང་དང་མི་དམངས་ལ་མཚོན་ན་སྐུལ་མ་ཆེན་པོ་ཡིན་ཞིང་། ང་ཚོས་བཀའ་དྲིན་ཆེ་ཞུས་པ་ཡིན། རེབ་འདིའི་འཚམས་འདྲི་ལས་སྲོལ་རྒྱུན་གྱི་ཁྲའོ་ཞན་དང་ཀྲུང་གོའི་མཛའ་བཤེས་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཐུབ་ཟེར། 

       ལིག་ཡུན་ཧྲན་གྱིས་ང་ཚོས་ཁྲའོ་ཞན་དང་མཉམ་དུ་སྲོལ་རྒྱུན་རྒྱུན་འཛིན་དང་། མ་འོངས་བར་ཁ་ཕྱོགས་པ། ཁྱིམ་མཚེས་མཛའ་མཐུན། མཉམ་ལསགལ་ཤུགས་སྣོན་པ་བཅས་ཀྱི་སྙིང་སྟོབས་ལྟར། ཏང་དང་རྒྱལ་ཁབ་གཉིས་བར་གྱི་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་རིམ་པ་སོ་སོ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མ་འོངས་པའི་འབྲེལ་བ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།