ལིག་ཡུན་ཧྲན་ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པར་མ་ཟད། ཨན་ཀྲིག་ན་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས།

ཟླ་བཅུ་བའི་ཚེས་བཅུ་ཉིན། ལིག་ཡུན་ཧྲན་གྱིས་ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱི་རྒྱུན་འཁུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་ལ་མཇལ་འཕྲད་གནང་

ཟླ་བཅུ་བའི་ཚེས་བཅུ་ཉིན། ལིག་ཡུན་ཧྲན་གྱིས་ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱི་རྒྱུན་འཁུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་ལ་མཇལ་འཕྲད་གནང་

ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། ལིག་ཡུན་ཧྲན་ཆེད་དུ་ཨན་ཀྲིག་ན་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་དང་མྱ་ངན་ཞུས།

ཟླ་བཅུ་བའི་ཚེས་བཅུ་གཅིག་ཉིན། ལིག་ཡུན་ཧྲན་ཆེད་དུ་ཨན་ཀྲིག་ན་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་དང་མྱ་ངན་ཞུས།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་ཚེས་དགུ་ཉིན་གྱི་ཕྱི་དྲོར་གདན་དྲངས་པ་ལྟར་ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པར་མ་ཟད། ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་སོགས་ཁྲའོ་ཞན་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ། དེ་མིན་ཕེན་རང་གི་ལས་རིགས་སོ་སོའི་མང་ཚོགས་འབུམ་གཅིག་དང་མཉམ་དུ་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་ཁྲོམ་སྐོར་ལ་གཟིགས། ཉིན་དེའི་དགོང་མོར་ཅིན་རི་ཁྲིན་ཐང་ཆེན་དུ་ན་གཞོན་གདོང་ལེན་དཔལ་འབར་ཁྲོམ་སྐོར་བྱས་པ་དང་ཅིན་ཀྲིན་ཨིན་དང་ལིག་ཡུན་ཧྲན་རྣམ་གཉིས་ཡང་བསྐྱར་ཁྲོམ་སྐོར་ལ་ཞུགས།

       ཚེས་བཅུ་ཉིན་གྱི་སྔ་དྲོར། ལིག་ཡུན་ཧྲན་གྱིས་ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་འཁུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་ལ་མཇལ་འཕྲད་གནང་སྟེ་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་མཛད།

       ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། ལིག་ཡུན་ཧྲན་ཆེད་དུ་ཨན་ཀྲིག་ན་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ནས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་དང་མྱ་ངན་ཞུས། ཁོང་གིས་སྔོན་གཤེགས་དཔའ་བོའི་མཚན་མིང་བཀོད་པའི་རྡོ་རིང་ལ་དྲན་གསོ་ཞུས་པར་མ་ཟད་གསར་དུ་ལས་པའི་སྔོན་གཤེགས་དཔའ་བོའི་བང་སོ་དང་རྗེས་དྲན་རྡོ་རིང་། དྲན་གསོའི་ཐང་ཆེན་སོགས་ཀྱི་སྒྲིག་ཆས་ལ་གཟིགས་ཞིབ་མཛད།

       ལིག་ཡུན་ཧྲན་གྱིས་གསུང་བཤད་གནང་སྐབས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་བཅས་ཀྱི་ཚབ་མཛད་དེ་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་རྣམས་ལ་མྱ་ངན་ཞུས་པ་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གི་འཐབ་མོ་བ་རྒན་པ་དང་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་བརྩེ་བའི་འཚམས་འདྲི་ཞུས་པར་མ་ཟད། དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ལས་པའི་བཟོ་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་དེའི་ཁྲོད་དུ་ཞུགས་པའི་ཀྲུང་གོ་དང་ཁྲའོ་ཞན་གྱི་ལས་རིགས་སོ་སོའི་མི་སྣར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

       ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཁྲའོ་ཞན་གྱི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་རྗེས་དྲན་སྒྲིག་ཆས་ནི་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བཤེས་བདེན་དཔང་དང་དར་སྤེལ་བྱེད་པའི་མཚོན་བྱེད་གཙོ་བོ་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཁྲའོ་ཞན་གྱི་ཨན་ཀྲིག་དང་ཁེ་ཁྲིན་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་ལེགས་འགྲུབ་བྱུང་། སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་བ་དང་ལོ་རྒྱུས་ལ་རྗེས་དྲན་བྱེད་པ་ནི་མི་རྣམས་ལ་ཉེན་བརྡ་རྒྱག་པ་དང་ཞི་བདེ་ལ་གཅེས་སྤྲས་བྱེད་པ། མ་འོངས་པ་གསར་སྐྲུན་བྱེད་པའི་ཆེད་དུ་ཡིན། ང་ཚོས་སྔོན་གཤེགས་དཔའ་བོ་རྣམས་ཀྱིས་རང་སྲོག་བློས་བཏང་ནས་ཞི་བའི་ཁོར་ཡུག་བརྩོན་ལེན་བྱས་པར་ལྡབ་འགྱུར་སྒོས་གཅེས་སྤྲས་བྱེད་པ་དང་། ཧུར་ཐག་སྒོས་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བའི་འཕེལ་རྒྱས་ཐད་ལ་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།