ཡུས་ཀྲིན་ཧྲིན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་མཛད།

 འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པའི་བགྲོ་གླེང་འཛིན་གྲྭས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་མཐར་ཕྱིན་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པའི་བགྲོ་གླེང་འཛིན་གྲྭས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་མཐར་ཕྱིན་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

 

          འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པའི་བགྲོ་གླེང་འཛིན་གྲྭས་ཚེས་བཅུ་དྲུག་ཉིན་པེ་ཅིན་ནས་མཐར་ཕྱིན་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་སྔར་ལས་བཟང་བོའི་སྒོ་ནས་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། གནད་ས་འབུར་དུ་ཐོན་པར་བྱེད་པ། བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། གྲུབ་འབྲས་དངོས་སུ་ལེན་པ་བཅས་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་དང་སྲོལ་ཡིག་གི་རེ་བ་ཇི་མ་ཇི་བཞིན་དུ་དངོས་འབེབ་བྱེད་དགོས་ཞེས་ནན་གྱིས་བསྟན།

 

          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲུན ་ལན་གྱིས་ཚོགས་འདུར་མགོ་འཛིན་བྱས།

 

          ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་སྲོལ་ཡིག་ལག་བསྟར་དངོས་འབེབ་བྱེད་པའི་བྱ་བ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་པས། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གྲོས་ཚོགས་ཀྱི་དགོངས་དོན་དང་སྲོལ་ཡིག་ལག་བསྟར་དངོས་འབེབ་བྱེད་སྐབས། སྲིད་ཏང་གྲོས་མོལ་ཧུར་ཐག་གིས་བཟང་བོར་སྤེལ་ཏེ། ཏང་གི་མགོ་ཁྲིད་དེ་ཆབ་སྲིད་ཀྱི་རྩ་འཛིན་གལ་ཆེན་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་གི་བྱ་བར་དམིགས་ཏེ། རྟོག་དཔྱོད་ཞིབ་འཇུག་གཟབ་ནན་སྒོས་སྤེལ་བ་དང་། སྐད་ཆ་ངོ་མ་དང་གནས་ཚུལ་ངོ་མ་བཤད་པ། གྲོས་གཞི་བཟང་བོ་འདོན་པ་བཅས་བྱས་ཏེ། སྲིད་ཏང་གྲོས་མོལ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཟེར།

 

          ཡུས་ཀྲིན་ཧྲིན་གྱིས་རིམ་པ་སོ་སོའི་ཏང་ཨུས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་དང་འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་གལ་ཆེན་ལ་ངོས་འཛིན་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཀའ་གནད་ཐག་གཅོད་པ་བཅས་བྱས་ཏེ་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར་བཟང་བོ་བྱེད་པ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་ཨུས་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་ལ་དོ་དམ་བྱེད་པའི་འགན་ནུས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།