ཞི་ཅིན་ཕེན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་བསྡུས་པའི་དགའ་བསུའི་མཛད་སྒོར་ཞུགས།
ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། དབྱིན་ཇི་ལ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་ལུན་ཏོན་གྱི་སྐྱ་དམག་གཟིགས་ཞིབ་ཐང་ནས་བསྡུས་པའི་དགའ་བསུའི་མཛད་སྒོ་རྒྱ་ཆེན་པོར་ཞུགས།

པར་འདི་ནི་ཞི་ཅིན་ཕེན་གྱིས་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པའི་ཆོ་ཀ་ཧྥེས་ལི་ཕུའུ་དང་མཉམ་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད།
པར་འདི་ནི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་རྒྱལ་མོ་བཟའ་ཟླ་གཉིས་དང་མཉམ་དུ་རྒྱལ་བོ་ཚང་གི་ཤིང་རྟར་བཞུགས་ཏེ་པེ་ཅིན་ཧན་ཀུང་ཕོ་བྲང་དུ་ཕེབས་པའི་ཚུལ་རེད།
ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། དབྱིན་ཇི་ལ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་ལུན་ཏོན་གྱི་སྐྱ་དམག་གཟིགས་ཞིབ་ཐང་ནས་བསྡུས་པའི་དགའ་བསུའི་མཛད་སྒོ་རྒྱ་ཆེན་པོར་ཞུགས།
ཉིན་དེའི་ཉིན་གོང་། དབྱིན་ཇིའི་བེ་ཨེར་ཧྲི་རྒྱལ་བོའི་རྒྱལ་རྒྱུད་འཛིན་མཁན་ཁྲ་ཨེར་སི་དང་ལྕམ་མོ་ཁ་སྨིས་ལ་གཉིས་ཞི་ཅིན་ཕེན་བཞུགས་པའི་མགྲོན་ཁང་དུ་ཕེབས་ཏེ་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་ལ་བསུ་བ་ཞུས།
ཉིན་གོང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་བཅུ་ཡས་མས་སུ། ཞི་ཅིན་ཕེན་བཟའ་ཟླ་གཉིས་རྒྱལ་རྒྱུད་འཛིན་མཁན་ཁྲ་ཨེར་སི་བཟའ་ཟླ་གཉིས་དང་མཉམ་དུ་སྐྱ་དམག་གཟིགས་ཞིབ་ཐང་དུ་ཕེབས། ཞི་ཅིན་ཕེན་བཟའ་ཟླ་གཉིས་རྒྱལ་བོ་ཚང་གི་དམག་གཟིགས་སྟེགས་བུའི་སྟེང་དུ་བུད་པ་དང་། རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་དང་ཆོ་ཀ་ཧྥེས་ལི་ཕུའུ་གཉིས་ཀྱིས་བསུ་བ་ཞུས། གཟབ་སྦྲེང་རུ་ཁག་གིས་གུས་འདུད་ཞུས་པ་དང་དམག་དཔུང་གི་རོལ་མོ་རུ་ཁག་གིས་ཀྲུང་གོའི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕེན་གྱིས་རྒྱལ་བོ་ཧྥེས་ལི་ཕུའུ་དང་མཉམ་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད།
དགའ་བསུའི་མཛད་སྒོ་མཇུག་རྫོགས་རྗེས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུའི་ཁྲོད། ཞི་ཅིན་ཕེན་བཟའ་ཟླ་གཉིས་རྒྱལ་མོ་བཟའ་ཟླ་གཉིས་དང་མཉམ་དུ་རྒྱལ་བོ་ཚང་གི་ཤིང་རྟར་བཞུགས་ཏེ་པེ་ཅིན་ཧན་ཀུང་ཕོ་བྲང་དུ་ཕེབས།
ཉིན་གོང་དུ་ཞི་ཅིན་ཕེན་བཟའ་ཟླ་གཉིས་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པས་བསྡུས་པའི་གསོལ་སྟོན་ལ་ཞུགས།
ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། དབྱང་ཅེ་ཁྲི་བཅས་གོང་གི་བྱ་འགུལ་ལ་ཞུགས།