ཞི་ཅིན་ཕེན་གྱིས་དབྱིན་ཇིའི་རྒྱལ་སྲས་བེ་ལེན་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལུན་ཏོན་ནས་དབྱིན་ཇིའི་རྒྱལ་སྲས་བེ་ལེན་ལ་མཇལ་འཕྲད་གནང་།

          ས་དེའི་དུས་ཚོད་ཚེས་ཉི་ཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁོང་ཉིད་བཞུགས་སའི་པེ་ཅིན་ཧན་ཀུང་ཕོ་བྲང་ནས་དབྱིན་ཇིའི་རྒྱལ་སྲས་བེ་ལེན་ལ་མཇལ་འཕྲད་གནང་།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོའི་ཟླ་གསུམ་པར་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་མཛད་དེ་གྲུབ་འབྲས་ཆེན་པོ་བླངས། ད་ལྟ་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་འགོར་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་མི་སྣའི་བར་གྱི་འགྲོ་འོང་ཇེ་མང་དུ་སོང་བ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མདུན་ལྗོངས་རྒྱ་ཆེན་པོ་ལྡན། ངས་ཐེངས་འདིར་དབྱིན་ཇི་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་དམ་དུ་གཏོང་རྒྱུ་དེ་ཡིན་ཟེར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པ་དང་། ཁྲིམས་དང་འགལ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོས་དབྱིན་ཇི་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར། 

          རྒྱལ་སྲས་བེ་ལེན་གྱིས་ཀྲུང་གོས་ཁྲིམས་དང་འགལ་ནས་བ་སོ་ཉོ་ཚོང་བྱེད་པའི་དོན་དག་ལ་ཆམ་ཕབ་དྲག་པོ་བཏང་བར་གདེང་འཇོག་གང་ལེགས་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་བྱེད་ཐབས་བཟང་བོ་སྤྱད་པར་གཟེངས་བསྟོད་བྱས་པ་དང་། ཁོ་རང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཤུགས་སྣོན་པར་འཐད་པ་ཡིན་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།