ཞི་ཅིན་ཕེན་ཀྲུང་གོ་དང་དབྱིན་ཇིའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་གཉིས་ལུན་ཏོན་དངུལ་ལོར་གྲོང་ཁྱེར་ནས་ཀྲུང་གོ་དང་དབྱིན་ཇིའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

        ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་གཉིས་ལུན་ཏོན་དངུལ་ལོར་གྲོང་ཁྱེར་ནས་བསྡུས་པའི་ཀྲུང་གོ་དང་དབྱིན་ཇིའི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

        ཞི་ཅིན་ཕེན་གྱིས་གསུངས་རྒྱུར། འཛམ་གླིང་གི་ཆེས་ཆེ་བའི་གསར་དར་ཚོང་རའི་དཔལ་འབྱོར་ཚོགས་པ་ཡིན་པའི་ཆ་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་ཞིག་ཏུ་བསླེབས་ཡོད། དེང་སྐབས་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་སྤྱིར་བརྟན་འཇགས་ཡིན་ལ། ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། མང་ཚོགས་ལ་སྟབས་བདེ་བསྐྲུན་པ། ཉེན་ཁ་སེལ་བ་བཅས་བརྟན་འཇགས་ཁྲོད་འཕེལ་རྒྱས་བྱུང་བར་མ་ཟད། དམིགས་ཚད་གཙོ་བོ་ལུགས་མཐུན་ཡིན་པ་དང་སྔོན་དཔག་གི་དམིགས་འབེན་ལས་བརྒལ་མེད་ལ། ཀྲུང་གོའི་དཔལ་འབྱོར་མར་ཆག་པའི་གནོད་ཤུགས་ཐུག་ཡོད་པ་དང་། སྒྲིག་གཞི་རང་བཞིན་གྱི་འགལ་བ་ཁ་ཤས་གནས་ཡོད་པས། ང་ཚོས་མུ་མཐུད་དུ་ཐོན་ཚད་བརྟན་འཇགས་སྒོས་འཕར་སྣོན་བྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག་བྱེད་པ། མང་ཚོགས་ལ་ཁེ་ཕན་བསྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན། ང་ཚོས་མུ་མཐུད་དུ་གཉིས་ཕན་མཉམ་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་འཕེལ་རྒྱས་སུ་གཏོང་བ་དང་འཛམ་གླིང་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཟེར།

        ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་དབྱིན་ཇི་གཉིས་བར་གྱི་མཉམ་ལས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱེད་པའི་ཐད་ནས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནི་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་དམ་དུ་གཏོང་དགོས་པ་དང་། གཉིས་ནི་ཕན་ཚུན་བར་འཐབ་ཇུས་འབྲེལ་མཐུད་བྱེད་དགོས། གསུམ་ནི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་དགོས། བཞི་ནི་མཉམ་ལས་བྱེད་ཐབས་གསར་སྐྲུན་བྱེད་དགོས་ཟེར།

        དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེས་ལུང་གིས་ཞུ་ཚིག་འབུལ་སྐབས་དབྱིན་ཇའི་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དབྱིན་ཇི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་རྒྱུའི་ཚུལ་བསྟན།

        མཐོ་རིམ་གྲོས་ཚོགས་ཀྱི་སྔོན་ལ། ཞི་ཅིན་ཕེན་དང་ཁ་མེས་ལུང་གཉིས་ཉིང་རྡུལ་གློག་འདོན་དང་ནུས་ཁུངས། དངུལ་ལོར་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།