ཞི་ཅིན་ཕེན་ཀྲུང་གོ་དང་དབྱིན་ཇིའི་གསར་སྤེལ་ཐོན་ལས་འགྲེམ་སྟོན་ལ་ཞུགས།

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་དབྱིན་ཇིའི་རྒྱལ་སྲས་བེ་ལེན་བཟའ་ཟླ་གཉིས་དང་མཉམ་དུ་ལུན་ཏོན་ནས་བསྡུས་པའི་ཀྲུང་གོ་དང་དབྱིན་ཇིའི་གསར་སྤེལ་ཐོན་ལས་འགྲེམ་སྟོན་ལ་ཞུགས།

          ས་དེའི་དུས་ཚོད་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལུན་ཏོན་ནས་ཀྲུང་གོ་དང་དབྱིན་ཇིའི་གསར་སྤེལ་ཐོན་ལས་འགྲེམ་སྟོན་ལ་གཟིགས།

          ཞི་ཅིན་ཕེན་དང་ལྕམ་མོ་ཕུན་ལིས་ཡོན་གཉིས་རླངས་འཁོར་ལ་བཞུགས་ཏེ་ལན་ཁ་སི་ཐི་ཕོ་བྲང་དུ་ཐོན་སྐབས། དབྱིན་ཇིའི་རྒྱལ་སྲས་བེ་ལེན་དང་ལྕམ་མོ་ཁེ་ཐི་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས།

          རྒྱལ་སྲས་བེ་ལེན་བཟའ་ཟླ་གཉིས་དང་མཉམ་དུ་ཞི་ཅིན་ཕེན་ལན་ཁ་སི་ཐི་ཕོ་བྲང་དུ་ཕེབས་ཏེ། ཀྲུང་གོ་དང་དབྱིན་ཇིའི་གསར་སྤེལ་མཉམ་ལས་ལས་གཞིའི་དྲིལ་སྒྲོག་དང་འགྲེམ་སྟོན། ཀྲུང་གོ་དང་དབྱིན་ཇིའི་རིག་གནས་བརྗེ་རེས་ལོའི་དྲིལ་སྒྲོག་བརྙན་འཕྲིན། རྒྱལ་ཁབ་གཉིས་ཀྱི་རིག་གནས་ཐོན་རྫས་ལེགས་ཤོས་བཅས་ལ་གཟིགས་པར་མ་ཟད། ཀྲུང་གོ་དང་དབྱིན་ཇིའི་སྒྱུ་རྩལ་པའི་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ལ་གཟིགས། གཟིགས་སྐོར་བྱེད་སྐབས། ཞི་ཅིན་ཕེན་དང་རྒྱལ་སྲས་བེ་ལེན་གཉིས་ཀྱིས་ཕྱོགས་གཅིག་ནས་གཟིགས་སྐོར་གནང་བ་དང་ཕྱོགས་གཅིག་ནས་སྙིང་ཉེ་བའི་ཞལ་བརྡ་གནང་།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དེང་སྐབས། ཀྲུང་གོས་གསར་སྐྲུན་བྱེད་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་ཀྱིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་གསར་སྤེལ་ཐོན་ལས་ཐད་ནས་ཉམས་མྱོང་མང་པོ་བསགས་ཡོད་པས། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་དེའི་ཐད་ནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ཏེ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།