ཞི་ཅིན་ཕེན་གྱིས་དབྱིན་ཇུའི་དབུ་བཞུགས་བློན་ཆེན་ཁ་མེ་ལུང་དང་གྲོས་མོལ་མཛད།

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལུང་ཏུང་ཐང་ཉིན་སྲང་ལམ་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་དབྱིན་ཇུའི་དབུ་བཞུགས་བློན་ཆེན་ཁ་མེ་ལུང་དང་གྲོས་མོལ་མཛད།

ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལུང་ཏུང་ཐང་ཉིན་སྲང་ལམ་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་དབྱིན་ཇུའི་དབུ་བཞུགས་བློན་ཆེན་ཁ་མེ་ལུང་དང་གྲོས་མོལ་མཛད།

 

          ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་གྱིས་ལུང་ཏུང་ཐང་ཉིན་སྲང་ལམ་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་དབྱིན་ཇུའི་དབུ་བཞུགས་བློན་ཆེན་ཁ་མེ་ལུང་དང་གྲོས་མོལ་མཛད་པ་དང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱིན་ཇུའི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་ཆེན་པོ་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པ་དང་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་བར་མ་ཟད། ཀྲུང་གོ་དང་དབྱིན་ཇུས་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་ཏེ་འཛམ་གླིང་ཡོངས་སུ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཏེ། ཡུན་རིང་དང་སྒོ་འབྱེད། མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་དབྱིན་ཇུའི་འབྲེལ་བའི་དུས་སྐབས་བཟང་བོ་གསར་སྐྲུན་བྱེད་རྒྱུ་ཐག་བཅད།

          ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་ཚོས་དབྱིན་ཇུ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་དབྱིན་ཇུའི་འབྲེལ་བ་དེ་སྔར་ལས་མཐོ་བའི་ཆུ་ཚད་སྟེང་དུ་རྒྱུན་སྲིང་སྒོས་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་པ་དང་། ཀྲུང་གོ་དང་དབྱིན་ཇུ་བར་གྱི་མཉམ་ལས་དེ་སྔར་ལས་ཆེ་བའི་མངའ་ཁོངས་སུ་སྒོ་འབྱེད་དང་བཟོད་སྒོམ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་དབྱིན་ཇུའི་འབྲེལ་བའི་ཕྱོགས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། ཀྲུང་གོ་དང་དབྱིན་ཇུ་ཕྱོགས་གཉིས་ཀྱིས་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་ཡོང་བའི་ཐད་ནས་ཕན་ཚུན་ལ་བརྩི་འཇོག་བྱེད་དགོས་པ་དང་རྒྱལ་ཁབ་རང་རང་གིས་གདམ་གསེས་བྱས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་དགོས་པར་མ་ཟད། མཉམ་ལས་མཉམ་རྒྱལ་གྱི་རྣམ་པར་བརྟེན་ནས་ཕན་ཚུན་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

          ཁ་མེ་ལུང་གིས་བཤད་རྒྱུར། དབྱིན་ཇུ་ཕྱོགས་ཀྱིས་ཀྲུང་གོ་ནུས་ཕྱོགས་སུ་ཆེས་བཟང་བའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་དངུལ་ལོར་དང་ནུས་ཁུངས། གསར་སྐྲུན་ཐོན་ལས་སོགས་མངའ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། དབྱིན་ཇུས་ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔ་མོ་ནས་ཀྲུང་གོ་དང་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མཐུན་འགོད་པར་རྒྱབ་སྐྱོར་བྱས་ནས། ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།

          རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན་པར་མ་ཟད་ཀྲུང་གོ་དང་དབྱིན་ཇུས་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་ཏེ་འཛམ་གླིང་ཡོངས་སུ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་རྒྱུ་ཐག་བཅད།

          ཞི་ཅིན་ཕེན་དང་ཁ་མེ་ལུང་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས་ཏེ་ཀྲུང་གོ་དང་དབྱིན་ཇུའི་འབྲེལ་བ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབས། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།