ཡུས་ཀྲིན་ཧྲིན་གྱིས་ཧོ་ལན་གྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

 

          རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

          ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དང་ཧོ་ལན་གཉིས་བར་གྱི་འབྲེལ་བར་གདེང་འཇོག་གང་ལེགས་མཛད་པ་དང་། ཧོ་ལན་རྒྱལ་བོ་ཚང་གིས་ཀྲུང་གོ་དང་ཧོ་ལན་གཉིས་བར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་མཛད་པར་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་འཁྲི་དང་ནུས་པ་ངོ་སྤྲོད་མཛད། ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཧོ་ལན་གྲོས་ཁང་དང་སྤྱི་ཚོགས་ལས་རིགས་ཁག་བར་ལོ་མང་པོའི་རིང་ལ་མཛའ་མཐུན་འགྲོ་འོང་དང་འབྲེལ་འདྲིས་བཟང་བོ་རྒྱུན་འཁྱོངས་བྱས་ཡོད་ལ། ཧོ་ལན་ཕྱོགས་དང་རྒྱལ་སྐྱོང་སྲིད་འཛིན་དང་སྤྱི་ཚོགས་དམངས་ཚིས། དམངས་གཙོ་ཁྲིམས་སྐྱོང་། གསར་སྐྲུན་ལས་སྤེལ། སྐྱེ་ཁམས་ཁོར་ཡུག་བཅས་ནང་དོན་གཙོ་བོའི་ཐད་ནས་མུ་མཐུད་དུ་གྲོས་མོལ་དང་བརྗེ་རེས་བྱས་ནས། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་དམ་དུ་གཏོང་བ་དང་། བརྗེ་རེས་དང་ཕན་ཚུན་བར་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་རང་གི་འཕེལ་རྒྱས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ལ་བྱས་རྗེས་བཟང་བོ་འཇོག་འདོད་ཡོད་ཟེར།

          ཝེ་ལེན་ཡ་ལི་ཧྲན་ཏ་ཡིས་བཤད་རྒྱུར། ངས་ཀྲུང་གོར་ཡོང་ཐེངས་རེར་ཀྲུང་གོ་འཕེལ་རྒྱས་སུ་འགྲོ་བ་མཐོང་ཐུབ་པར་མ་ཟད། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་དུ་རྒྱང་རིང་གི་འཆར་གཞི་བཀོད་དེ། ཧོ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་དང་བརྗེ་རེས་ལ་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།