ཞི་ཅིན་ཕེན་གྱིས་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་དང་གྲོས་མོལ་མཛད།

          རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཧི་ལན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་ཆེན་པོ་གནང་ཞིང་མཉམ་ལས་མཉམ་རྒྱལ་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་དངོས་གཉེར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པར་འཐད་པ་བྱུང་།

           ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཧོ་ལན་བར་གྱི་འབྲེལ་བ་ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ང་ཚོས་མཉམ་དུ་གཏན་ལ་ཕབ་པའི་སྒོ་འབྱེད་དངོས་གཉེར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཧོ་ལན་ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་དམིགས་འབེན་དུ་བཟུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་འཛིན་མངའ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་གང་མང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་དང་དེ་མིན་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དེ་ཕྱོགས་སོ་སོར་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་ཆེད་ལས་ཕན་ནུས་ལྡན་པའི་རྨང་གཞིའི་སྒྲིག་ཆས་དངུལ་བསྡུའི་སྟེགས་བུ་ཞིག་ཏུ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

           རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ཡིས་བཤད་རྒྱུར། ཧོ་ལན་དང་ཀྲུང་གོས་སྲོལ་རྒྱུན་མཛའ་མཐུན་གྱི་འབྲེལ་བ་སྲུང་འཛིན་བྱས། རྒྱལ་ཁབ་གཉིས་ཀྱི་གནས་ཚུལ་མི་འདྲ་ནའང་གནས་བབ་གསར་བའི་འོག་ཏུ་ཞིང་ལས་དང་ཕྱུགས་ལས། ཆུ་བེད། དངུལ་ལོར། ཁྲིམས་སྐྱོང་སོགས་མངའ་ཁོངས་སུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཆོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་བརྗེ་རེས་བྱེད་དགོས། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་དང་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་གྲོས་མགོ་བཏོན་པར་དོན་སྙིང་གལ་ཆེན་ལྡན་པས། ཧོ་ལན་ཕྱོགས་ཧུར་ཐག་སྒོས་འབྲེལ་ཡོད་མཉམ་ལས་ཁྲོད་དུ་ཞུགས་དགོས་པར་མ་ཟད་རྒྱུད་གཅིག་ལམ་གཅིག་གི་འཆར་འགོད་དང་ཡོ་རོབ་གླིང་དངུལ་གཏོང་འཆར་གཞིའི་འབྲེལ་མཐུད་མཉམ་ལས་ལ་རྒྱབ་སྐྱོབ་བྱེད་འདོད་ཡོད་ཟེར།

           གྲོས་མོལ་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།