ལིས་ཁི་ཆང་གིས་ཧོ་ལན་གྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

 

          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཧོ་ལན་རྒྱལ་ཁབ་ཀྱི་རྒྱལ་བོ་ཝེ་ལེན་ཡ་ལེ་ཧྲན་ཏ་ལ་མཇལ་འཕྲད་གནང་།

           ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧོ་ལན་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མུ་མཐུད་དུ་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་། མཉམ་ལས་གཉིས་རྒྱལ་གྱི་དགོངས་དོན་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།

           ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧོ་ལན་གཉིས་ཀྱིས་ཕན་ཚུན་ནི་དཔལ་འབྱོར་ཉོ་ཚོང་གི་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཧོ་ལན་གྱིས་དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་དེང་རབས་ཞིང་ལས་དང་ཆུ་བེད་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་ཁེ་ལས་བར་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མཉམ་དུ་ཕྱོགས་གསུམ་པའི་ཚོང་ར་གསར་གཏོད་བྱེད་འདོད་ཡོད་ཟེར།

           ཝེ་ལེན་ཡ་ལེ་ཧྲན་ཏ་ཡིས་བཤད་རྒྱུར། ཧོ་ལན་ཕྱོགས་ཀྱིས་ཞིང་ཕྱུགས་ལས་ཐད་ཀྱི་ལག་རྩལ་ཁྱད་སྟོབས་སྔར་ལས་འདོན་སྤེལ་བྱས་ནས། ཕྱོགས་གཉིས་ཀྱི་ལྷད་མེད་འཕེལ་རྒྱས་དང་ཞིང་ཕྱུགས་ལས་སོགས་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་མཉམ་དུ་ཕྱོགས་གསུམ་པའི་ཚོང་ར་གསར་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།