ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

 

          ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

          ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། དམངས་ཡོངས་ཀྱིས་ལས་སྤེལ་གསར་སྐྲུན་བྱས་ནས་ཚོང་རའི་གསོན་ཤུགས་དང་དམངས་ཡོངས་ཀྱི་གསར་སྐྲུན་ནུས་པ་སྐུལ་བའི་གྲོས་མགོ་བཏོན། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་མ་འོངས་པར་དམིགས་ཏེ་ཀྲུང་གོའི་དཔལ་འབྱོར་དང་ལྷག་པར་དུ་དབུས་ནུབ་རྒྱུད་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། གསར་སྐྲུན་འཕེལ་རྒྱས་དང་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། གསར་སྐྲུན་གྱིས་ལས་སྤེལ་ལ་སྣེ་ཁྲིད་བྱེད་པ་དང་རིམ་འཕར་ལ་སྐུལ་འདེད་གཏོང་བ། འཕར་སྣོན་ལ་སྣེ་ཁྲིད་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ལ་འཕར་ས་གསར་བ་གསར་སྐྲུན་བྱེད་དགོས་ཟེར། 

          མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད། ཀྲུང་གོས་དཔལ་འབྱོར་གྱི་རྣམ་པ་སྒྱུར་བ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་པ་ལིས་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་བསྡུ་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་པ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་པ་དང་། སྐོར་ཐེངས་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་གྲོས་མོལ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

          རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་ཀྲུང་གོ་དང་འཇར་མན་བར་གྱི་གསར་སྐྲུན་མཉམ་ལས་སོགས་ཀྱི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།