ཞི་ཅིན་ཕེན་གྱིས་འཇར་མན་གྱི་ཙུང་ལི་མའོ་ཁེ་ཨར་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་མའོ་ཁེ་ཨར་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་མའོ་ཁེ་ཨར་ལ་མཇལ་འཕྲད་གནང་།

 

         རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་ཉེར་དགུ་ཉིན་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་འཇར་མན་གྱི་ཙུང་ལི་མའོ་ཁེ་ཨར་ལ་མཇལ་འཕྲད་གནང་།

         མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བས་ཕན་ཚུན་ལ་གཞོགས་འདེགས་དམ་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་མཐུན་ལས་ཁུངས་དང་དེ་མིན་ཁོངས་གཏོགས་རྒྱལ་ཁབ་བཅས་དང་མཉམ་དུ་ཁྱོན་ཡོངས་ནས་མཉམ་ལས་བྱས་ཏེ། ཞི་བདེ་དང་འཕར་སྣོན། བཅོས་སྒྱུར། དཔལ་ཡོན་བཅས་གྲོགས་པོའི་འབྲེལ་བ་ཆེན་པོ་བཞི་གསར་སྐྲུན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་ཀྱིས་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་དང་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་འཛུགས་སྐྲུན་གྲོས་གཞི་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱེད་པར་མ་ཟད་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

         མའོ་ཁེ་ཨར་གྱིས་བཤད་རྒྱུར། གནས་བབ་གསར་བའི་འོག་ཏུ་འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ཐོན་ལས། དངུལ་ལོར་ཕྱོགས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་དང་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་འཛུགས་སྐྲུན་ཁྲོད་དུ་ཞུགས་འདོད་ཡོད། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀར་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས་མཐུན་སྦྱོར་ལ་ཤུགས་བསྣན་ནས། འབྲེལ་ཡོད་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་པ་དང་རྒྱལ་སྤྱི་དང་ས་གནས་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

         ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།