ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྤྱི་སྒྲོག

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ2015ལོའི་ཟླ10བའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ2015ལོའི་ཟླ10བའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

འདི་ནི་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

འདི་ནི་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ2015ལོའི་ཟླ10བའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ2015ལོའི་ཟླ10བའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྤྱི་སྒྲོག 

(2015ལོའི་ཟླ10བའི་ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་།)

          ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ2015ལོའི་ཟླ10བའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་ཚོགས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་གོ་དགུ་ཡོད་པ་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བརྒྱ་དང་ང་དྲུག་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་ཆེད་མཁས་པ་སྐོར་ཞིག་ཀྱང་གྲོས་ཚོགས་ལ་ཟུར་དུ་ཞུགས།

          ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་བྱས་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

          ཚང་འཛོམས་གྲོས་ཚོགས་ནས་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཉན་ནས་གྲོས་སྡུར་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པ་འགོད་པའི་གྲོས་གཞི་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕེན་གྱིས་གྲོས་གཞིའི་གྲོས་སྡུར་མ་ཡིག་ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་མཛད།

          ཚང་འཛོམས་གྲོས་ཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་ཁས་ལེན་གང་ལེགས་མཛད། ཚང་མས་བལྟས་ན། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བ་དང་ལྷག་པར་དུ་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཇེ་ཆེར་སོང་བའི་འགྲན་རྩོད་ལ་དམིགས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་དོན་ཆེན་ལ་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས། བརྟན་བརླིང་ཁྲོད་ནས་ཡར་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་སྙིང་བོ་རྒྱུན་འཁྱོངས་བཅས་བྱས་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་ཁྲིད་སྟོན་གང་ལེགས་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཧུར་ཐག་གིས་སྤེལ་ཞིང་། ཆེ་མཐོང་སྙོམས་སྒྲིག་ལ་ཤུགས་སྣོན་དང་གསར་སྐྲུན་བྱས་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཕན་འབྲས་ལྡན་པའི་ངང་སེལ་ལ། དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་བྱས་པ་དང་། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་ཞིང་། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པར་གཟབ་རྒྱས་ཆེན་པོས་དྲན་གསོ་ཞུས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་གསར་དུ་གྲུབ་འབྲས་ཆེན་པོ་བླངས་ཡོད་པར་འདོད།

          ཚང་འཛོམས་གྲོས་ཚོགས་ནས་བལྟས་ན། ཉིས་སྟོང་ཉི་ཤུ་ལོར་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་པ་ནི་ང་ཚོའི་ཏང་གིས་གཏན་ལ་ཕབ་པའི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ཁྲོད་ཀྱི་བརྒྱ་ལོ་དང་བོའི་འབད་འཐབ་དམིགས་འབེན་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པའི་དུས་རིམ་ཡིན་པས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་གཞི་དེ་ངེས་པར་དུ་འབད་འཐབ་དམིགས་འབེན་དེ་མངོན་འགྱུར་བྱེད་པར་དམ་དུ་དམིགས་ནས་གཏན་ཁེལ་བྱེད་དགོས་པར་འདོད།

          ཚང་འཛོམས་གྲོས་ཚོགས་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་སུ་རང་རྒྱལ་གྱིས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་གདེང་འཇོག་མཐོན་པོ་བྱས། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བཅས་ཀྱི་ལས་འགན་ལ་དམིགས་ནས། ང་ཚོའི་ཏང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་བརྩོན་ལྷོད་མེད་དང་གསར་སྤེལ་གསར་སྐྲུན་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་གྱི་རྣམ་པ་གསར་བ་བསྐྲུན་པས། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། རྒྱལ་སྲུང་དངོས་ཤུགས། རྒྱལ་སྤྱིའི་ཤན་ཤུགས་བཅས་རིམ་པ་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་ཡོད་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ལག་ལེན་བྱེད་ཕོད་པ་དང་གསར་སྐྲུན་ལ་མཁས་པར་བྱས་ཤིང་། གུང་ཁྲན་ཏང་གི་སྲིད་འཛིན་གྱི་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆོས་ཉིད་བཅས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་བཅས་རབ་དང་རིམ་པ་གྲུབ་སྟེ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མྱུར་དུ་སྤེལ་བར་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་འདོན་སྤྲོད་བྱས་པར་འདོད།

          ཚང་འཛོམས་གྲོས་ཚོགས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་གི་གཞི་རྩའི་ཁྱད་ཆོས་ལ་དབྱེ་ཞིབ་བྱས། རང་རྒྱལ་གྱི་འཕེལ་རྒྱས་དེ་ད་དུང་མདུན་ལམ་ཆེན་པོ་ལྡན་པའི་འཐབ་ཇུས་གོ་སྐབས་གལ་ཆེན་དུ་གནས་ཡོད་པ་དང་། འགལ་བ་སྣ་ཚོགས་རིམ་བཞིན་འབྱུང་བ་དང་ཉེན་ཁ་སྣ་ཚོགས་ཇེ་མང་དུ་འགྲོ་བའི་འགྲན་རྩོད་ཚབས་ཆེན་ལ་ཡང་འཕྲད་ཡོད་པས། ང་ཚོས་འཐབ་ཇུས་གོ་སྐབས་ཀྱི་ནང་སྙིང་གི་འགྱུར་ལྡོག་ཆེན་པོར་རྒྱུས་ལོན་ཡང་དག་བྱས་ཏེ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་སྔར་ལས་ཕན་འབྲས་ལྡན་པའི་ངང་ཁ་གཏད་འཇལ་བ་དང་། མུ་མཐུད་དུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་གི་དོན་དག་བཟང་བོར་བསྒྲུབ་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་པར་འདོད།

          ཚང་འཛོམས་གྲོས་ཚོགས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་བཏོན་པ་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིན་ཞའོ་ཕེན་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་འཛིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་དང་། འཕེལ་རྒྱས་ནི་ལས་འགན་དང་བོ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་དཀྱིལ་སྙིང་དུ་འཛིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་ཁྲིད་སྟོན་བྱེད་པའི་སྒྲིག་སྲོལ་སྒྲིག་ལུགས་དང་འཕེལ་རྒྱས་ཐབས་ལམ་མྱུར་དུ་གྲུབ་པར་བྱེད་པ། འཐབ་ཇུས་ཀྱི་གཏན་ཚིགས་སྲུང་འཛིན་བྱེད་པ། བརྟན་བརླིང་ཁྲོད་ནས་གོང་འཕེལ་ལ་བརྩོན་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་གི་འཛུགས་སྐྲུན་བཅས་རྒྱུན་འཁྱོངས་བྱེད་པ། དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཁག་ཐེག་བྱེད་པ་བཅས་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྨང་གཞི་སྔར་ལས་བརྟན་པོ་འདིང་རྒྱུ་དེ་རེད།

          ཚང་འཛོམས་གྲོས་ཚོགས་ནས་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་དགོས་ན། ངེས་པར་དུ་གཤམ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས་ཏེ། མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་དང་། ཚན་རིག་གི་འཕེལ་རྒྱས་རྒྱུན་འཁྱོངས། བཅོས་སྒྱུར་ཟབ་སྤེལ་རྒྱུན་འཁྱོངས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་འདོམས་བྱེད་རྒྱུ་རྒྱུན་འཁྱོངས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

          ཚང་འཛོམས་གྲོས་ཚོགས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་རེ་བ་གསར་བ་བཏོན་པ་སྟེ། དཔལ་འབྱོར་འཕར་སྣོན་གྱི་མྱུར་ཚད་མཐོ་འབྲིང་གི་ཚད་དུ་སྲུང་འཛིན་བྱས་ནས། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་བཟོད་སྒོམ་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་ཇེ་མཐོར་གཏོང་བའི་རྨང་གཞིའི་སྟེང་། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དང་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་ཉིས་སྟོང་བཅུ་ཐམ་པ་ལོ་ནས་ལྡབ་གཉིས་འཕར་བར་བྱེད་རྒྱུ་དང་། ཐོན་ལས་ཆུ་ཚད་མཐོ་འབྲིང་གི་ཕྱོགས་སུ་སྐྱོད་དེ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཐད་བྱས་རྗེས་འཇོག་ཚད་མངོན་གསལ་གྱིས་ཇེ་ཆེར་གཏོང་བ་དང་། ཁྱིམ་ཐོའི་མི་གྲངས་མཁར་གྲོང་ཅན་གྱི་ཚད་མྱུར་དུ་ཇེ་མཐོར་གཏོང་རྒྱུ། ཞིང་ལས་དེང་རབས་ཅན་ལ་འཕེལ་རིམ་མངོན་གསལ་འབྱུང་བར་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་སྤུས་ཚད་ཡོངས་ཁྱབ་ཏུ་ཇེ་མཐོར་གཏོང་བ། རང་རྒྱལ་གྱི་ད་ལྟའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་དབུལ་ཕོངས་ལས་ཐར་བར་བྱས་ཏེ། ས་ཁོངས་ཧྲིལ་བོ་དབུལ་ཕོངས་ལས་ཐར་བར་བྱེད་རྒྱུ། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་བཅོས་བྱེད་རྒྱུ། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དང་སྔར་ལས་ནུས་ལྡན་དུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་ནས་འཕེལ་རིམ་གལ་ཆེན་ལེན་རྒྱུ་བཅས་རེད།

          ཚང་འཛོམས་གྲོས་ཚོགས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱས་ཏེ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་ཁྱད་སྟོབས་བསྐྱེད་དགོས་ན། ངེས་པར་དུ་གསར་སྐྲུན་དང་མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཅངས་ནས་དེ་དངོས་སུ་ལག་བསྟར་བྱེད་དགོས་ལ། འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་སྒྱུར་བཅོས་ཟབ་མོ་ཞིག་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་སྒྱུར་བཅོས་འདིའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོར་ངོས་འཛིན་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

          ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། གསར་སྐྲུན་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ན། ངེས་པར་དུ་གསར་སྐྲུན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་སུ་བཞག་སྟེ། རྒྱུན་ཆད་མེད་པར་གཞུང་ལུགས་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན། ཚན་རྩལ་གསར་སྐྲུན། རིག་གནས་གསར་སྐྲུན་སོགས་ཕྱོགས་སོ་སོའི་གསར་སྐྲུན་སྤེལ་ཏེ། གསར་སྐྲུན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཐམས་ཅད་ཀྱི་ཁྲོད་དུ་འདྲེས་པར་བྱས་ནས། གསར་སྐྲུན་དེ་སྤྱི་ཚོགས་ཡོངས་ཀྱི་གོམས་སྲོལ་ཞིག་ཏུ་འགྱུར་བར་བྱེད་དགོས། ངེས་པར་དུ་འཕེལ་རྒྱས་ཀྱི་མ་གདན་དེ་གསར་སྐྲུན་གྱི་སྟེང་དུ་བཞག་ནས། གསར་སྐྲུན་ལ་ཡར་སྐུལ་བྱེད་པའི་སྒྲིག་སྲོལ་སྒྲོམ་གཞི་ཆགས་པར་བྱེད་པ་དང་། གསར་སྐྲུན་གྱི་སྒུལ་ཤུགས་ལ་མང་དུ་བརྟེན་པ་དང་དམིགས་བསལ་གྱི་ཁྱད་སྟོབས་མང་དུ་འདོན་པའི་ཁྲིད་སྟོན་རང་བཞིན་གྱི་འཕེལ་རྒྱས་བསྐྲུན་དགོས། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་བསྐྱེད་པ་དང་། ངལ་རྩོལ་ནུས་ཤུགས་དང་མ་རྩ། ས་ཞིང་། ལག་རྩལ། དོ་དམ་སོགས་རྒྱུ་རྐྱེན་གྱི་སྒྲིག་བཀོད་ཇེ་ལེགས་སུ་བཏང་སྟེ། གསར་སྐྲུན་ལས་སྐྲུན་གྱི་གསོན་ཤུགས་བསྐྱེད་པ་དང་། མི་ཚང་མས་ལས་སྐྲུན་བྱེད་པ་དང་མི་ཀུན་གྱིས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། དགོས་མཁོ་གསར་བར་བསྟུན་པ་དང་མཁོ་འདོན་གསར་བ་བསྐྲུན་ཏེ། ལག་རྩལ་གསར་བ་དང་ཐོན་ལས་གསར་བ། ལས་རྣམ་གསར་བ་བཅས་དར་རྒྱས་གོང་འཕེལ་དུ་གཏོང་དགོས། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དེ། མཚོ་འགྲམ་དང་གཙང་འགྲམ། ལམ་འགྲམ་གྱི་དཔལ་འབྱོར་ས་ཁུལ་གཙོ་བྱས་པའི་འཕྲེད་གཞུང་གཉིས་སུ་ཕྱོགས་པའི་དཔལ་འབྱོར་གྱི་ཁྱུད་ཅིག་གྲུབ་པར་བྱས་ཏེ། དཔལ་འབྱོར་ཁུལ་གལ་ཆེན་སྐོར་ཞིག་དར་རྒྱས་སུ་གཏོང་དགོས། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་དྲ་སྣོན་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། མཉམ་སྤྱོད་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་དགོས། གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། ཚན་རྩལ་གསར་སྐྲུན་གྱིས་ཁྱོན་ཡོངས་ཀྱི་གསར་སྐྲུན་ཁྲོད་ཐོན་པའི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་སྐོར་ཞིག་ལག་བསྟར་བྱས་ཏེ། གསར་སྐྲུན་ཁྱབ་ཁོངས་གལ་ཆེན་ནས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་སྐོར་ཞིག་འཛུགས་སྒྲུབ་བྱས་ནས། རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་དང་ཚན་རིག་ཆེན་པོའི་བཟོ་སྐྲུན་ལ་སྣེ་ཁྲིད་དེ་རྩ་འཛུགས་བྱེད་དགོས། ཞིང་ལས་དེང་རབས་ཅན་ཧུར་ཐག་གིས་སྤེལ་ནས། ཞིང་ལས་འཕེལ་སྟངས་མྱུར་དུ་བསྒྱུར་ཏེ། ཕན་འབྲས་མཐོ་ཞིང་ཐོན་རྫས་བདེ་འཇགས་ཡིན་ལ། ཐོན་ཁུངས་གྲོན་ཆུང་བྱེད་པ་དང་ཁོར་ཡུག་བཟང་བའི་ཞིང་ལས་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས། ཐོན་ལས་ཀྱི་མ་ལག་གསར་བ་འཛུགས་པ་དང་གསར་གཏོད་ཀྱི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། ཀྲུང་གོའི་གསར་གཏོད་གཉིས་ཐིག་གཉིས་ལྔ་ཞེས་པ་ལག་བསྟར་བྱེད་པ་དང་། བཟོ་ལས་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། འཐབ་ཇུས་རང་བཞིན་གྱི་ཐོན་ལས་སྐོར་ཞིག་སྐྱེད་སྲིང་བྱས་ནས། དེང་རབས་ཞབས་ཞུའི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་སྤེལ་དགོས། འཕེལ་རྒྱས་ཀྱི་སྒྲིག་ལུགས་གསར་བ་བཙུགས་ཏེ། གསར་སྐྲུན་འཕེལ་རྒྱས་ལ་ཕན་པའི་ཁྲོམ་རའི་ཁོར་ཡུག་དང་ཐོན་དབང་ལམ་ལུགས། མ་དངུལ་བསྡུ་གཏོང་སྒྲིག་ལུགས། བགོ་བཤའ་ལམ་ལུགས། ཤེས་ལྡན་མི་སྣ་སྐྱེད་སྲིང་ནང་འདྲེན་བཀོལ་སྤྱོད་སྒྲིག་ལུགས་བཅས་མྱུར་དུ་གྲུབ་པར་བྱེད་པ་དང་། སྲིད་འཛིན་དོ་དམ་སྒྲིག་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་བྱེད་པ་དང་། སྲིད་བསྡུ་དབང་གཏོང་དང་འཛིན་གཏོང་ཟུང་སྦྲེལ། ཞབས་ཞུ་ལེགས་སྒྱུར་བཅས་རྒྱུན་སྲིང་སྒོས་སྤེལ་ནས། སྲིད་གཞུང་གི་ཕན་འབྲས་ཇེ་མཐོར་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་བསྐྱེད་པ། རྒྱལ་དབང་རྒྱུ་ནོར་གྱི་དོ་དམ་སྒྲིག་ལུགས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། དེང་རབས་ནོར་སྲིད་ལམ་ལུགས་དང་ཁྲལ་བསྡུ་ལམ་ལུགས་འཐུས་ཚང་དུ་གཏོང་བ། དེང་རབས་དངུལ་ལོར་ཁྲོམ་རའི་འཕེལ་རྒྱས་ལ་འཚམ་པའི་དངུལ་ལོར་ལྟ་སྐུལ་དོ་དམ་གྱི་སྒྲོམ་གཞི་བཅོས་སྒྱུར་བྱས་ཏེ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཆེ་མཐོང་སྙོམས་སྒྲིག་བྱེད་ཐབས་གསར་སྐྲུན་བྱེད་པ་དང་འཐུས་ཚང་དུ་བཏང་ནས། བར་སྟོང་སྙོམས་སྒྲིག་གི་རྨང་གཞིའི་སྟེང་ངེས་གཏན་སྙོམས་སྒྲིག་གི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། སྲིད་གཞུང་གིས་རིན་གོང་ལ་ཐེ་གཏོགས་བྱེད་ཚད་ཇེ་ཉུང་དུ་བཏང་སྟེ། འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱི་ཚོང་རྫས་དང་ཞབས་ཞུའི་རིན་གོང་ཁྱོན་ཡོངས་ནས་ཕྱི་རུ་ཕྱོགས་པར་བྱེད་དགོས།

          ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་སྒྲིག་གསལ་བོར་ངེས་པར་བྱེད་པ་དང་། འཕེལ་རྒྱས་ཁྲོད་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱས་ཏེ། གཙོ་བོ་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་དུས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་མཁྲེགས་སྟོབས་ཇེ་ཆེར་གཏོང་བ་དང་མཉམ་དུ་རྒྱལ་ཁབ་ཀྱི་མཉེན་སྟོབས་ཇེ་ཆེར་གཏོང་བར་ཡང་གཙིགས་འཛིན་བྱས་ཏེ། འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ན། ངེས་པར་དུ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཁྲོད་ནས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དེ། ཉམས་ཞན་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་རྗེས་ཤུགས་ཇེ་དྲག་ཏུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན། རྒྱུ་རྐྱེན་གོ་རིམ་ལྡན་ཞིང་རང་དབང་གིས་འཁོར་སྐྱོད་བྱེད་པ་དང་། བྱེད་ནུས་གཙོ་བོའི་ཚོད་འཛིན་ལ་ཕན་ནུས་ལྡན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཡིན་པ། ཐོན་ཁུངས་ཁོར་ཡུག་གིས་ཐེག་ནུས་པ་བཅས་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས། མཁར་གྲོང་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ན། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་གྱི་སྒྲིག་ལུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་ཡུན་ཕན་སྒྲིག་ལུགས་འཐུས་ཚང་དུ་བཏང་ནས། མཁར་གྲོང་གི་སྤྱི་པའི་ཞབས་ཞུ་ཞིང་སྡེར་ཕྱོགས་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་བའི་འཛུགས་སྐྲུན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་བཏང་སྟེ། རིག་གནས་ཀྱི་བཅོས་སྒྱུར་འཕེལ་རྒྱས་མྱུར་དུ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། བསམ་པའི་ཀུན་སྤྱོད་འཛུགས་སྐྲུན་དང་སྤྱི་ཚོགས་ཡིད་རྟོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས། སྤྱི་ཚོགས་འགན་འཁྲིའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཚན་རིག་གི་དགོངས་དོན་དར་སྤེལ་དང་ཀྲུང་ཧྭའི་སྲོལ་རྒྱུན་སྲོལ་བཟང་དར་སྤེལ་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་མཉམ་འདྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་ཀ་གཙིགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་སྟོབས་འབྱོར་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བ་གཉིས་གཅིག་གྱུར་བྱེད་པ། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་བཅས་བྱས་ཏེ། རྒྱུ་རྐྱེན་ཚང་ཞིང་ཁྱབ་ཁོངས་མང་ལ། ཕན་འབྲས་མཐོ་བའི་དམག་དམངས་མཉམ་འདྲེས་ཟབ་མོའི་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱེད་དགོས།

          ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་དུ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། རྒྱུན་སྲིང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་ལེགས་བཅོས་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། ཐོན་ཁུངས་གྲོན་ཆུང་བྱེད་པ་དང་ཁོར་ཡུག་བཟང་བའི་སྤྱི་ཚོགས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གྲུབ་པར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱས་ནས། གོ་ལ་ཧྲིལ་བོའི་སྐྱེ་ཁམས་བདེ་འཇགས་ཐད་བྱས་རྗེས་གསར་བ་འཇོག་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བྱས་ཏེ། ཚན་རིག་ལུགས་མཐུན་གྱི་གྲོང་ཁྱེར་ཅན་གྱི་རྣམ་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ། སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པ། རང་བྱུང་མཐའ་ཚད་ཀྱི་རྣམ་པ་བཅས་བསྐྲུན་ནས། ལྷད་མེད་ཐུན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་འཛུགས་དགོས། བྱེད་ནུས་གཙོ་བོའི་ཁུལ་མྱུར་དུ་འཛུགས་སྐྲུན་བྱས་ཏེ། བྱེད་ནུས་གཙོ་བོའི་ཁུལ་གྱི་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་རྨང་གཞིའི་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཐན་ཉུང་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དག་གཙང་ཐན་ཉུང་དང་བདེ་འཇགས་འབྲས་ལེགས་ཀྱི་དེང་རབས་ནུས་ཁུངས་མ་ལག་བཙུགས་ནས། ཐན་རྫས་ཕྱིར་མི་གཏོང་བའི་ཁུལ་གྱི་དཔེ་སྟོན་བཟོ་སྐྲུན་ལག་བསྟར་བྱེད་དགོས། ཐོན་ཁུངས་ཁྱོན་ཡོངས་ནས་གྲོན་ཆུང་དང་ཕན་འབྲས་མཐོ་བའི་སྒོ་ནས་བཀོལ་སྤྱོད་བྱེད་པ་དང་། གྲོན་ཆུང་དང་གཅིག་བསྡུས། འཁོར་སྐྱོད་བཅས་ཀྱི་སྒོ་ནས་བཀོལ་སྤྱོད་བྱེད་པའི་ཐོན་ཁུངས་ལྟ་བ་བཅངས་ཏེ། ནུས་ཁུངས་བཀོལ་སྤྱོད་དབང་ཆ་དང་། ཆུ་བཀོལ་སྤྱོད་དབང་ཆ། བཙོག་རྫས་ཕྱིར་འདོན་དབང་ཆ། ཐན་རྫས་ཕྱིར་འདོན་དབང་ཆ་བཅས་ཀྱི་ཐོག་མའི་བགོ་བཤའ་ལམ་ལུགས་བཙུགས་ཏེ། སྤྱོད་གཙང་གྲོན་ཆུང་གི་སྤྱི་ཚོགས་དར་སྲོལ་ཆགས་པར་བྱེད་དགོས། ཁོར་ཡུག་བཅོས་སྐྱོང་གི་ཤུགས་ཚད་ཇེ་ཆེར་བཏང་ནས། ཁོར་ཡུག་གི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་སྲོག་ཤིང་དུ་འཛིན་པ་དང་། ཆེས་གཟབ་ནན་གྱི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱེད་པ་དང་། མཁའ་དབུགས་དང་ཆུ། ས་རྒྱུ་བཅས་བཙོག་པར་བཟོ་བར་འགོག་བཅོས་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་ཟབ་མོ་བྱས་ཏེ། ཞིང་ཆེན་རིམ་པ་མན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ཚད་ལེན་ལྟ་ཞིབ་ཁྲིམས་འཛིན་གྱི་ཐད་ཀར་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་ནས། སྲུང་སྐྱོབ་དམིགས་བསལ་དུ་འཛིན་རྒྱུ་དང་རང་བྱུང་སླར་གསོ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་གཞི་རྒྱ་ཆེན་པོས་སྤེལ་བ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། མཐིང་མདོག་གི་མཚོ་ཁུགས་བཅོས་སྐྱོང་འགུལ་སྐྱོད་སྤེལ་དགོས།

          ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་དུ་རང་རྒྱལ་གྱི་དཔལ་འབྱོར་འཛམ་གླིང་དཔལ་འབྱོར་ཁྲོད་ཟབ་མོར་འདྲེས་པར་བྱེད་པའི་གནས་བབ་ལ་བསྟུན་ནས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱེད་པ་དང་། རིམ་པ་སྔར་ལས་མཐོ་བའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་དང་སྤྱི་པའི་ཐོན་རྫས་མཁོ་འདོན་ཁྲོད་ཧུར་ཐག་གིས་ཞུགས་པ། རང་རྒྱལ་གྱི་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་ཁྲོད་ཀྱི་ལམ་ལུགས་རང་བཞིན་གྱི་སྐད་ཆ་བཤད་དབང་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། ཁྱབ་རྒྱ་ཆེ་བའི་ཁེ་ཕན་ཐུན་མོང་འཛུགས་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ན། ངེས་པར་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། འཐབ་ཇུས་ཡིད་ཆེས་དང་འབྱོར་ཚོང་མཉམ་ལས། མི་གཞུང་བརྗེ་རེས་བཅས་མཐུན་སྦྱོར་སྒོས་སྤེལ་ནས། མཉམ་འདྲེས་ཟབ་མོའི་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་ཧུར་ཐག་གིས་བསྐྲུན་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་གཉིས་སུ་སྒོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་འགྲམ་ས་ཁུལ་འཛམ་གླིང་གི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཁྲོད་ཁྱོན་ཡོངས་ནས་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་སྟེང་ཤན་ཤུགས་ཡོད་པའི་སྔོན་ཐོན་གསར་གཏོད་རྟེན་གཞི་དང་དཔལ་འབྱོར་ཁུལ་བསྐྲུན་ནས། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་དང་རྒྱལ་ཁོངས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་གྱི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་ལུགས་གསར་བ་གྲུབ་པར་བྱེད་པ་དང་། ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་ཡར་སྐུལ་མ་ལག་འཐུས་ཚང་དུ་བཏང་སྟེ། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་འབྱེད་ཚད་གོ་རིམ་ལྡན་པའི་ངང་རྒྱ་བསྐྱེད་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་བར་གྱི་ཁྱབ་ཁོངས་མང་བོའི་གཉིས་ཕན་མཉམ་རྒྱལ་གྱི་དངོས་གཉེར་མཉམ་ལས་སྤེལ་ནས། སྐམ་ས་དང་མཚོ་ཐོག་གཉིས་སུ་ཁྱབ་པ་དང་ཤར་ནུབ་གཉིས་སུ་ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས། ནང་ལོག་དང་ཞང་ཀང་ཨོ་མིན་བར་དང་། སྐམ་ས་ཆེན་མོ་དང་ཐེ་ཝན་ས་ཁུལ་བར་གྱི་མཉམ་ལས་འཕེལ་རྒྱས་ཟབ་སྤེལ་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་ཟིན་པའི་གོ་གནས་དང་བྱེད་ནུས་ཇེ་མཐོར་གཏོང་བ་དང་། ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར། དམངས་གཙོ་དར་སྤེལ། འཆམ་མཐུན་ཡར་སྐུལ་བཅས་ལ་རྒྱབ་སྐྱོར་བྱེད་དགོས་ཤིང་། གཉིས་ཕན་མཉམ་རྒྱལ་གྱི་རྣམ་པས་མཚོ་འགག་འགྲམ་གཉིས་བར་གྱི་དཔལ་འབྱོར་མཉམ་ལས་ཟབ་སྤེལ་བྱས་ཏེ། ཐེ་ཝན་གྱི་མང་ཚོགས་དཀྱུས་མ་དང་ན་གཞོན་ལོ་ཆུང་། ཁེ་ལས་འབྲིང་ཆུང་སྔར་ལས་མང་བོར་ཕན་འདོགས་དགོས། འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་དེ་འདྲ་མཉམ་དྲང་བདེན་དང་མཉམ་ལས་མཉམ་རྒྱལ་གྱི་ཕྱོགས་སུ་འཕེལ་བར་ཡར་སྐུལ་བྱེད་དགོས་པ་དང་། རང་དབང་ཉོ་ཚོང་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས། རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་རང་འགུལ་གྱིས་དང་དུ་ལེན་པ་དང་། འཛམ་གླིང་གི་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གྲོས་མོལ་ཁྲོད་ཧུར་ཐག་གིས་ཞུགས་དགོས་ལ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་ལ་རང་འགུལ་སྒོས་ཞུགས་དགོས།

          ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་དུ་འཕེལ་རྒྱས་ཀྱིས་མི་དམངས་ལ་ཞབས་ཕྱི་སྒྲུབ་པ་དང་འཕེལ་རྒྱས་དེ་མི་དམངས་ལ་བརྟེན་དགོས་ལ། འཕེལ་རྒྱས་གྲུབ་འབྲས་དེ་མི་དམངས་ཀྱིས་ལོངས་སུ་སྤྱོད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྔར་ལས་ཕན་ནུས་ལྡན་པའི་ལམ་ལུགས་བཀོད་སྒྲིག་གཏན་འཁེལ་བྱས་ནས་མི་དམངས་ཡོངས་ལ་མཉམ་འཛུགས་མཉམ་སྤྱོད་འཕེལ་རྒྱས་ཁྲོད་དུ་སྔར་ལས་མང་བོའི་གྲུབ་འབྲས་ཐོབ་ཏུ་འཇུག་པ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་མི་དམངས་མཐུན་སྒྲིལ་ལ་ཤུགས་བསྣན་ནས་མཉམ་དུ་ཕྱུག་སྒྱུར་བྱེད་པའི་ཕྱོགས་སུ་བརྟན་བརླིང་སྒོས་སྐྱོད་དགོས། མི་རེ་རེ་ཞུགས་པ་དང་མི་རེ་རེ་ཡིས་ནུས་པ་འདོན་པ་དང་། མི་རེ་རེ་ཡིས་ལོངས་སུ་སྤྱོད་པ་བཅས་ཀྱི་རེ་བ་ལྟར། མཐའ་ཚད་བརྩི་སྲུང་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་། ལམ་ལུགས་འཐུས་ཚང་དུ་གཏོང་བ། སྔོན་དཔག་ལ་སྣེ་ཁྲིད་བྱས་ཏེ། གོ་སྐབས་འདྲ་མཉམ་ལ་ཡིད་འཇོག་བྱེད་པ་དང་གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱས་ནས། དམངས་ཡོངས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་སླེབ་པར་བྱེད་དགོས། སྤྱི་བའི་ཞབས་ཕྱི་འདོན་སྤྲོད་བྱེད་པར་ཤུགས་སྣོན་དགོས། མི་དམངས་ཀྱིས་སེམས་ཁུར་བྱེད་པའི་དངོས་ཡོད་ཁེ་ཕན་གནད་དོན་ཐག་གཅོད་པ་ནས་མགོ་བརྩམས་ཏེ། སྤྱི་བའི་ཞབས་ཕྱིའི་མཉམ་འཛུགས་ནུས་པ་ཇེ་ཆེར་གཏོང་བ་དང་མཉམ་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གསར་བརྗེའི་གནས་རྙིང་ས་ཁུལ་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་བཟོ་སྐྲུན་ལག་བསྟར་བྱེད་དགོས། གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་ལག་བསྟར་བྱས་ཏེ། རིགས་བགར་ནས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ་དང་དབུལ་ཕོངས་མི་གྲངས་ལ་མ་རྩའི་ཡོང་སྒོའི་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱེད་པར་འཚོལ་ཞིབ་བྱེད་པ་དང་། ཞིང་སྡེ་ཡི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་བུད་མེད། རྒན་པ་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཕྱིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས། འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མཐོ་རིམ་དུས་སྐབས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བ། རིམ་བཞིན་རིགས་བགར་ནས་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་རིན་མེད་པར་གཏོང་བར་སྐུལ་འདེད་གཏོང་བ་དང་། ཡིག་ཚགས་བཀོད་པའི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མར་ཐོག་མར་སློབ་འབྲིང་དཀྱུས་མའི་སློབ་རིན་མེད་པར་བཏང་ནས། དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་སྐྱོར་ཁེབས་པར་བྱེད་དགོས། ལས་ཞུགས་ལས་སྤེལ་ལ་སྐུལ་འདེད་གཏོང་དགོས། ལས་ཞུགས་སྔོན་ན་ལག་བསྟར་བྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ཕན་འབྲས་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱེད་པ་དང་ལས་སྤེལ་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྐབས་བསྟུན་སྣ་མང་གི་ལས་ཞུགས་ལ་ཤུགས་སྣོན་པ་དང་ལས་ཞུགས་གསར་བའི་རྣམ་པའི་རོགས་སྐྱོར་ལ་ཤུགས་བསྣན་ནས་ལག་རྩལ་བཟོ་བའི་ཐོབ་ཐང་ཇེ་མཐོར་གཏོང་དགོས། ཡོང་སྒོའི་ཁྱད་པར་ཇེ་ཆུང་དུ་གཏོང་དགོས་ཏེ། སྡོད་དམངས་ཀྱི་ཡོང་སྒོའི་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་མཉམ་དུ་སྐྱོད་པར་ཤུགས་སྣོན་པ་དང་། ངལ་རྩོལ་གླ་ཕོག་ཇེ་མང་དུ་གཏོང་བ་དང་ངལ་རྩོལ་ཐོན་སྐྱེད་ནུས་ཚད་ཇེ་ཆེར་འགྲོ་བ་མཉམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་གླ་ཕོག་ཆུ་ཚད་ཐག་གཅོད་ནང་རྐྱེན་དང་རྒྱུན་ལྡན་གྱི་འཕར་སྣོན་ནང་རྐྱེན། འགྲོ་སྒོ་གཏོང་བའི་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཆེས་དམའ་བའི་གླ་ཕོག་འཕར་སྣོན་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཚོང་རའི་གདེང་འཇོག་རྒྱུ་རྐྱེན་བྱས་རྗེས་དང་བྱས་རྗེས་ལྟར་བགོ་བཤའ་རྒྱག་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སྔར་ལས་འདྲ་མཉམ་དང་སྔར་ལས་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་བཙུགས་ཏེ། དམངས་ཡོངས་ཉེན་ཚབ་ཁྲོད་དུ་ཞུགས་པའི་འཆར་གཞི་ལག་བསྟར་བྱེད་པ་དང་ལས་བཟོ་བའི་རྨང་གཞིའི་རྒན་གསོ་མ་དངུལ་རྒྱལ་ཡོངས་དང་གཅིག་གྱུར་སྒོས་བཀོད་སྒྲིག་བྱེད་པ་མངོན་འགྱུར་བྱེད་པ་དང་། རྒྱལ་དབང་མ་རྩ་ཁ་ཤས་བླངས་ནས་སྤྱི་ཚོགས་འགན་སྲུང་མ་དངུལ་ཁྲོད་དུ་བཞག་ནས་གྲོང་གསེབ་སྡོད་དམངས་ལ་ནད་གཞི་ཚབས་ཆེན་ཕོག་པའི་ཉེན་ཚབ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་སྨན་རྫས་རིན་གོང་འོས་འཚམ་དུ་གཏོང་བ་དང་སྨན་བཅོས་དང་སྨན་བཅོས་ཉེན་ཚབ། སྨན་རྫས་བཅས་མཉམ་འབྲེལ་བྱེད་པ་ལག་བསྟར་བྱེད་དགོས་ལ། གྲོང་གསེབ་ཡོངས་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དང་དེང་རབས་སྨན་ཁང་དོ་དམ་ལམ་ལུགས་བཙུགས་ནས། ཟས་རིགས་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་དགོས། མི་གྲངས་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། འཆར་ལྡན་བུ་སྐྱེ་ཡི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། མི་གྲངས་འཕེལ་རྒྱས་འཐབ་ཇུས་འཐུས་ཚང་དུ་གཏོང་བ་དང་བཟའ་ཟླ་གཉིས་ལ་བྱིས་པ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་ལོ་ལོན་ཅན་མང་བར་ཁ་གཏད་གང་ལེགས་འཇལ་བའི་འགུལ་སྐྱོད་སྤེལ་དགོས་ཟེར།

          ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འཕེལ་རྒྱས་སུ་གཏོང་བ་ནི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ལས་འགན་དང་པོ་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཁྲིད་བྱེད་པའི་བྱ་བའི་སྒྲིག་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་སྤྱིའི་ནུས་པ་ཇེ་ཆེར་གཏོང་དགོས། མི་དམངས་མང་ཚོགས་ལ་སྐུལ་སློང་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ། མང་ཚོགས་ལ་དྲིལ་སྒྲོག་དང་རྩ་འཛུགས་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ལ་གྲོས་མོལ་བྱེད་པར་ཤུགས་སྣོན་པ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྣ་ཚོགས་ལ་ཁྲིམས་ལྟར་འགན་སྲུང་བྱེད་པ། རིགས་སོ་སོའི་མི་དམངས་ཀྱིས་མེས་རྒྱལ་འཛུགས་སྐྲུན་བྱེད་པའི་བདག་པོའི་འདུ་ཤེས་ལ་ཇེ་དྲག་ཏུ་གཏོང་དགོས། བསམ་བློའི་ཆབ་སྲིད་བྱ་བར་གཙིགས་འཛིན་བྱེད་པ་དང་། མང་ཚོགས་བྱ་བའི་སྒྲིག་སྲོལ་དང་ལམ་ལུགས། བྱེད་ཐབས་བཅས་གསར་སྐྲུན་བྱས་ནས། སྤྱི་ཚོགས་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་ལྟ་བ་དང་སྟོབས་ཤུགས་ཆེས་ཆེར་གཅིག་སྡུད་བྱེད་དགོས། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཤེས་ལྡན་མི་སྣ་སྔོན་ལ་འཛིན་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ། ཤེས་ལྡན་མི་སྣའི་འཕེལ་རྒྱས་སྒྲིག་སྲོལ་བཅོས་སྒྱུར་དང་སྲིད་ཇུས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཤེས་ལྡན་མི་སྣའི་ལམ་ལུགས་ཀྱི་ཁྱད་སྟོབས་ཆགས་པར་བྱེད་དགོས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་སྐྱོང་སྲིད་འཛིན་བྱེད་པ་དང་། ཏང་ནང་གི་ཁྲིམས་སྲོལ་ལྟར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། སྤྱི་ཚོིགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་སྐྲུན་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ། དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་ཆགས་པར་བྱེད་དགོས། བདེ་འཇགས་འཕེལ་རྒྱས་ལྟ་བ་བརྟན་པོར་བཅངས་ཏེ། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། ཆ་འཕྲིན། རྒྱལ་སྲུང་བཅས་ཀྱི་བདེ་འཇགས་ལ་རྦད་ཆོད་སྒོས་སྲུང་སྐྱོབ་བྱེད་དགོས།

          ཚང་འཛོམས་གྲོས་ཚོགས་ནས་དེང་སྐབས་ཀྱི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གྲོས་གཞིའི་ནང་གཏན་ལ་ཕབ་པའི་འཐབ་ཇུས་དང་བཀོད་སྒྲིག་སྣ་ཚོགས་དང་བྱ་བའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དེ་ཡིན་པས། ཏང་ཡོངས་ཀྱིས་བསམ་བློ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་ཡིད་ཆེས་བརྟན་པོར་བཅངས་ཏེ། མུ་མཐུད་དུ་དཔའ་ངར་ཆེར་བསྐྱེད་བྱེད་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འཐབ་ཇུས་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྒྲིག་ཁྲིམས་ལྟར་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད། ཀུན་སྤྱོད་ལེགས་བཅོས་བྱེད་པའི་ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཆོག རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་གཞི་དང་ལམ་ལུགས་འཛུགས་སྐྲུན་བྱེད་དགོས། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལས་བྱེད་པ་ཁ་ཤས་ཀྱིས་བྱ་བ་ཧུར་ཐག་སྒོས་མི་སྒྲུབ་པ་དང་གང་འདོད་སྒོས་བྱ་བ་སྒྲུབ་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། དར་སྲོལ་དང་ཀུན་སྤྱོད་བཟང་བའི་ཆབ་སྲིད་རྣམ་པ་ཧུར་ཐག་སྒོས་བསྐྲུན་པ་དང་། འགན་འཁྲི་འཁུར་ཕོད་པ་དང་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ཆགས་པར་བྱས་ཏེ། ལས་བྱེད་ཚུལ་ལྡན་དང་སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་སྲོལ་བཟང་བཅས་ཡོང་བ་ཧུར་ཐག་སྒོས་མངོན་འགྱུར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

          ཚང་འཛོམས་གྲོས་ཚོགས་ནས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལིག་ཞའོ་ཁེ་དང་ཁྲིན་ཀྲི་རོང་། ཅིན་ཀྲིན་ཅི་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཁ་སྣོན་བྱེད་རྒྱུའི་ཐག་བཅད།=

ཚང་འཛོམས་གྲོས་ཚོགས་ནས་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལིན་ཅི་ཧྭ་དང་ཀྲིག་པིན་ཧྲུན། དབྱང་ཏུང་ལེང་། ཀྲུའུ་མེན་གོ ཝང་མེན། ཁྲིན་ཁྲོན་ཕེན། ཆིའུ་ཧི། དབྱང་ཝེ་ཙེ། ཕན་དབྱི་ཡང་། ཡུས་ཡོན་ཧོས་བཅས་ཀྱི་ཁྲིམས་འགལ་གནད་དོན་ཚབས་ཆེན་སྐོར་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དེའི་སྔོན་ལ་ཐག་བཅད་པའི་ལིན་ཅི་ཧྭ་དང་ཀྲིག་པིན་ཧྲུན། དབྱང་ཏུང་ལེང་། ཀྲུའུ་མེན་གོ། ཝང་མེན། ཁྲིན་ཁྲོན་ཕེན། ཆིའུ་ཧི། དབྱང་ཝེ་ཙེ། ཕན་དབྱི་ཡང་། ཡུས་ཡོན་ཧོས་བཅས་ཏང་ནང་ནས་ཕྱིར་ཕུད་པའི་ཆད་གཅོད་ཁས་ལེན་བྱས།  

ཚང་འཛོམས་གྲོས་ཚོགས་སྟེང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ནས། སེམས་ཤུགས་གཅིག་མཐུན་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པའི་དུས་རིམ་གྱི་རླབས་ཆེན་རྒྱལ་ཁ་མཉམ་དུ་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།