ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

 

          ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྟེང་དུ་གཅིག་གྱུར་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཏང་གི་སྒྲིག་ཡིག་ལས་གནང་བའི་འགན་འཁྲི་ལག་བསྟར་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཀྲུང་དབྱང་གི་དབང་ཟིལ་སྲུང་སྐྱོབ་བྱས་ནས། ཀྲུང་དབྱང་སྲིད་གཞུང་གི་བཀའ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

          གྲོས་ཚོགས་ནས་བསྟན་དོན། སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་རྒྱུ་ནི། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ནི་ང་ཚོ་ཏང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པར་རྒྱལ་ཁ་ལེན་པའི་དུས་རིམ་དུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། སློབ་སྦྱོང་བྱེད་པའི་གནད་འགག་ནི་དགོངས་དོན་ལ་གོ་བ་ལེན་རྒྱུ་དེ་རེད། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་པས་གཅིག་བསྡུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་སྒྲོག་ལ་སློབ་སྦྱོང་བྱེད་དགོས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དེ་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་། གཉིས་པ། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སྟེང་དུ་གཅིག་གྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་ཟུང་དུ་སྦྲེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་རིགས་གཞུང་འབྱུང་རྩ་དང་བསམ་བློའི་དམིགས་འབེན་ཁོང་དུ་ཆུད་པར་བྱེད་དགོས།

          གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་བྱེད་པ། སྒྲིག་ཁྲིམས་གཟབ་ནན་བྱས་ནས། བཅོས་སྒྱུར་ལ་བརྟེན་པ་དང་། གསར་སྐྲུན་ལ་བརྟེན་པ། དོ་དམ་ལ་བརྟེན་པ་བཅས་བྱས་ནས། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དགོས། ཁྱོན་ཡོངས་ནས་སྒྲིག་ཁྲིམས་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཚད་གཞི་གཟབ་ནན་སྒོས་སྤེལ་དགོས་པ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆབ་སྲིད་ཀྱི་གཏན་ཚིག་འགན་སྲུང་བྱས་ནས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། རུལ་སུངས་ཇེ་མང་དུ་འགྲོ་བའི་གནས་ཚུལ་ལ་བཀག་འགོག་བྱེད་དགོས། ད་ལོའི་ལོ་མཇུག་གི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། མཐར་མཇུག་གི་བྱ་བ་བཟང་བོར་སྒྲུབ་པ་དང་། མགོ་བཟང་བོ་ཞིག་བརྩམས་ཏེ། སྒྲིག་ལམ་དང་ཚད་གཞི་དེ་གཉིས་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས། སྤྱོད་གཙང་རང་གཅུན་གྱི་ཚད་གཞི་དང་ཏང་གི་སྒྲིག་ཁྲིམས་ཐག་གཅོད་སྲོལ་ཡིག་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ནས། རྨང་གཞི་འདིང་བའི་བྱ་བ་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

          གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་ལ་ཕབ་པའི་སྐོར་གྱི་གྲོས་གཞི་ནི། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྐུལ་སློང་བྱས་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་པའི་དམིགས་འབེན་གལ་ཆེན་ཞིག་རེད། ཉིས་སྟོང་ཉི་ཤུ་ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་རྒྱུ་ནི། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་བགྲོད་ལམ་སྟེང་གི་གནད་འགག་གི་དུས་སྐབས་ཤིག་རེད། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དེ། ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བྱ་བ་གལ་ཆེན་དུ་བརྩིས་ནས། ལས་འགན་གཙོ་བོ་གཅིག་ཏུ་བསྡུ་དགོས་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ཏང་ཡོངས་ཀྱི་བསམ་བློ་གཅིག་ཏུ་བསྡུ་བར་ཁག་ཐེག་བྱེད་དགོས་ཟེར། 

 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།