ལིས་ཁི་ཆང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས།

ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧན་གོའི་ཧྲིག་ཨར་ནས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས།

       ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་དྲུག་པ་ས་དེའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར་ཧན་གོའི་ཧྲིག་ཨར་གྱི་ཆིན་ཝ་ཐའེ་ཙུང་ཐུང་བཞུགས་ཤག་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་བཅས་གྲོས་ཚོགས་སུ་ཞུགས།

       ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ལམ་ལུགས་ལོ་གསུམ་འགོར་རྗེས་ཡང་བསྐྱར་མགོ་བརྩམས་པ་དེ་ནི་ལས་སླ་མོ་ཞིག་མིན་པས། རྒྱལ་ཁབ་གསུམ་གྱིས་མཉམ་དུ་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་ཡར་སྐུལ་ལ་ཤུགས་སྣོན་པ། ཕན་ཚུན་བར་གྱི་སྒོ་འབྱེད་རྒྱ་བསྐྱེད་པ་བཅས་བྱས་ནས། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་རང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཨེ་ཤ་ཡ་ཤར་ཕྱོགས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས་ཟེར།

       གྲོས་ཚོགས་སྟེང་ཀྲུང་གོ་ཕྱོགས་ཀྱིས་གྲོས་གཞི་འདི་ལྟར་བཏོན། གཅིག་ནི་ཆབ་སྲིད་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། གཉིས་ནི་རང་སོ་སོའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། ཕྱོགས་གསུམ་བར་གྱི་མཉམ་ལས་ལ་མཐུན་རྐྱེན་བཟང་བོ་བསྐྲུན་དགོས། གསུམ་ནི་ཨེ་ཤ་ཡ་ཤར་ཕྱོགས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་དངུལ་ལོར་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། བཞི་ནི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། གསར་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ལྔ་ནི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་ལ་ཤུགས་བསྣན་ཏེ། མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས། དྲུག་ནི་སྤྱི་ཚོགས་ཀྱི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་ཤར་ཕྱོགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་བཅས་ཡིན་ཟེར།

       ཕེའོ་ཅིན་ཧོས་ཀྱིས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་ལོ་རྒྱུས་ལ་ལྟ་བ་ཡང་དག་པ་འཛིན་པ་དང་། མ་འོངས་པར་ཁ་ཕྱོགས་པའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གསུམ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་ལྟ་བ་ཇེ་དྲག་ཏུ་བཏང་སྟེ། ཨེ་ཤ་ཡ་ཤར་བྱང་ཞི་བདེ་དང་བདེ་འཇགས་ཡོང་བའི་དུས་རབས་གསར་བ་མཉམ་དུ་གསར་གཏོད་བྱེད་དགོས་ཟེར།

       ཨན་པེ་ཅིན་སན་གྱིས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ། རྒྱལ་ཁབ་གསུམ་བར་གྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྟོབས་ཤུགས་གསར་བ་སྣོན་དགོས་ཟེར།

       གྲོས་ཚོགས་གྲོལ་རྗེས། རྒྱལ་ཁབ་གསུམ་གྱིས་ཨེ་ཤ་ཡ་ཤར་བྱང་ཞི་བདེ་དང་མཉམ་ལས་སྐོར་གྱི་མཉམ་འབྲེལ་སྒྲོག་གཏམ་སྤེལ། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།