ཞི་ཅིན་ཕེན་གྱིས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་དང་གྲོས་མོལ་མཛད།

       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཧྥ་རན་སི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བར་གདེང་འཇོག་མཐོན་པོ་གནང་བར་མ་ཟད་མུ་མཐུད་དུ་མཉམ་ཤུགས་ཇེ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་འཐད་པ་བྱུང་།

       ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མགོ་ཁྲིད་པས་འབྲེལ་འདྲིས་དམ་པོ་བྱེད་པ་ནི་ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་འབྲེལ་བའི་གོམས་སྲོལ་བཟང་བོ་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་ཉིན་རེར་ཇེ་བཟང་དུ་སོང་བ་དང་མངའ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས་དམ་པོ་ཡིན་ཞིང་དུས་ཡུན་རིང་བའི་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་མཉམ་ལས་ཀྱི་དུས་རབས་གསར་བར་གྲུབ་འབྲས་བཟང་བོ་སྐྲུན་དགོས་ཟེར།

       ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་གསུམ་བཏོན། གཅིག ཆབ་སྲིད་ཡིད་ཆེས་ཀྱི་སྣེ་ཁྲིད་དང་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཉིས། དངོས་གཉེར་མཉམ་ལས་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་དགོས། གསུམ། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བའི་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

       ཨོ་ལང་ཏི་ཡིས་བཤད་རྒྱུར། དེང་སྐབས་ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་དང་གྲོས་མོལ་སྲུང་འཛིན་བྱས་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། གནས་སྐོར། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་སྤེལ་བཞིན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བཟང་བོ་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་གི་པ་ལེ་ཚོགས་ཆེན་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་བར་མ་ཟད། དབྱིན་ཇི་དང་ཧྥ་རན་སི་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

       ཞི་ཅིན་ཕེན་དང་ཨོ་ལང་ཏི་རྣམ་གཉིས་ཀྱིས་ད་དུང་གསར་འགོད་པར་མཇལ་འཕྲད་གནང་བར་མ་ཟད་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དང་ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།

       གྲོས་མོལ་མ་མཛད་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།