ཀྲང་ཏི་ཅང་གིས་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

       རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་གསུམ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

       ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་གཉིས་ཉིན་ཙུང་ཐུང་སྐུ་ཞབས་ལགས་དང་མཉམ་དུ་གྲོས་མོལ་མཛད་དེ་ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་བ་གསར་བ་བྱུང་ཞིང་། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་གསར་བ་བསྣན་པ་མ་ཟད། ཀྲུང་གོ་དང་ཧྥ་རན་སིའི་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ནས་མཉམ་ལས་བྱེད་པ་མཚོན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཧྥ་རན་སི་རྒྱལ་དམངས་གྲོས་ཁང་དང་གྲོསས་ཞུགས་ཁང་བར་གྱི་བརྗེ་རེས་ཀྱི་ལན་གྲངས་མང་ཞིང་གྲུབ་འབྲས་ཀྱང་མངོན་གསལ་རེད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མུ་མཐུད་དུ་མཛའ་མཐུན་འགྲོ་འོང་འབྲེལ་བར་ཤུགས་སྣོན་པ་དང་། དུས་གཏན་ཁེལ་གྱི་བརྗེ་རེས་ནང་རྐྱེན་དང་མཛའ་མཐུན་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱེད་པ། བརྗེ་རེས་ཕུན་སུམ་ཚོགས་པར་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་གཏོང་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོས་མཛའ་མཐུན་མཉམ་ལས་བྱ་བར་ཡར་སྐུལ་བྱས་ནས། མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་མུ་མཐུད་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྔོན་གྲས་སུ་བསླེབ་པར་སྐུལ་འདེད་བྱེད་དགོས་ཟེར།

       ཨོ་ལིང་ཏི་ཡིས་བཤད་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གོ་གནས་གལ་ཆེ་ཞིང་། ཧྥ་རན་སི་དང་ཀྲུང་གོའི་གྲོས་ཁང་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་སོ་སོའི་གྲོས་ཁང་དང་ལས་རིགས་སོ་སོའི་མི་སྣ་ཚང་མས་ནམ་ཟླའི་འགྱུར་ལྡོག་གི་པཱ་ལིས་ཚོགས་ཆེན་ལ་བྱས་རྗེས་ཆེན་པོ་འཇོག་པར་རེ་སྒུག་བྱས་ཡོད་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།