ལིས་ཁི་ཆང་གིས་ཧྥ་རིན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཧྥ་རིན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཧྥ་རིན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་གསུམ་ཉིན་གྱི་ཉིན་གུང་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་མཇལ་འཕྲད་གནང་།  ལིས་ཁི་ཆང་གིས་བསྟན་དོན།  ཀྲུང་གོ་དང་ཧྥ་རིན་སི་གཉིས་ཀྱི་མཐོ་རིམ་འགྲོ་འོང་དམ་ཟབ་ཡིན་ལ། མཉམ་ལས་འཕེལ་རིམ་བདེ་བླག་ཡིན། ཁྱེད་ཀྱིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་གྲུབ་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་མཛད། ད་ལོའི་ཟླ་དྲུག་པར་བདག་གིས་ཧྥ་རན་སི་ལ་འཚམས་འདྲི་བྱེད་པའི་སྐབས་སུ་སྐུ་ཞབས་ཙུང་ཐུང་ལགས་དང་ཙུང་ལི་ཝ་ཨར་སི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་མང་པོ་བཀོད་དེ། ཕྱོགས་གཉིས་ཀྱིས་ཉིང་རྡུལ་ནུས་པ་དང་དངུལ་ལོར། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁྱབ་ཁོངས་མཉམ་ལས་ཐད་ནས་གོམ་སྟབས་གསར་བ་ཞིག་སྤོས།  ཀྲུང་གོ་ཕྱོགས་ཀྱིས་ཧྥ་རིན་སི་ཕྱོགས་དང་མཉམ་དུ་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་ལས་གཞི་གལ་ཆེན་དང་རྣམ་པ་གསར་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཨོ་ལིང་ཏི་ཡིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ད་ལོའི་ཟླ་དྲུག་པར་ཧྥ་རན་སི་རྒྱལ་ཁབ་ལ་འཚམས་འདྲི་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་གསར་བ་བྱུང་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཉིང་རྡུལ་ནུས་པ་དང་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་སོགས་ཕྱོགས་ཀྱིས་བཀོད་ཟིན་པའི་གྲུབ་འབྲས་མུ་མཐུད་དུ་ལག་བསྟར་བཟང་བོ་བྱེད་པ་དང་། ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་པར་ཤུགས་བསྣན་ཏེ་ཕྱོགས་གཉིས་ཀྱི་ཉོ་ཚོང་དང་མི་སྣའི་འགྲོ་འོང་སྟབས་བདེ་ཅན་དུ་གཏོང་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།