རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཚན་ཆུང་བགོས་ནས་གྲོས་སྡུར་བྱས།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཚེས་བདུན་ཉིན་ཚན་ཆུང་བགོས་ནས་གྲོས་སྡུར་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་སྡུར་ལ་ཞུགས།

སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཚེས་བདུན་ཉིན་ཚན་ཆུང་བགོས་ནས་གྲོས་སྡུར་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་སྡུར་ལ་ཞུགས།

       སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པས་ཚེས་བདུན་ཉིན་ཚན་ཆུང་བགོས་ནས་གྲོས་སྡུར་བྱས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འབེབས་བྱེད་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་སྡུར་ལ་ཞུགས།     

      རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་བལྟས་ན། གསར་སྐྲུན་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་སྐྱེད་སྲིང་བྱེད་པ་དང་། འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་པ། དཔལ་འབྱོར་འཕེལ་ཚུལ་བསྒྱུར་བ་དང་། གསར་སྐྲུན་ལ་བརྟེན་ནས་གསར་བཟོ་ལས་རིགས་དེ་དམའ་འབྲིང་གི་ཚད་ནས་མཐོ་འབྲིང་གི་ཚད་དུ་གོང་འཕེལ་ལ་བཏང་སྟེ། ཁེ་ལས་ཆུང་བའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་དགོས་པ་དང་།མཐུན་སྦྱོར་འཕེལ་རྒྱས་རྒྱུུན་འཁྱོངས་བྱས་ཏེ། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་བཏང་ནས། གནད་ཁེལ་དབུལ་སྐྱོར་བྱ་བ་ཕྱོགས་ཡོངས་ནས་སྤེལ་དགོས་ལ། ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཐོན་ཁུངས་ཁྱོན་ཡོངས་ནས་གྲོན་ཆུང་དང་ཕན་ནུས་མཐོ་བའི་སྒོས་ནས་བེད་སྤྱོད་བྱེད་པ་དང་། ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཆེས་གཟབ་ནན་གྱི་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱེད་པ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སོགས་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། སྲོལ་རྒྱུན་ཐོན་ལས་རིམ་སྤོར་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་གཞི་གསར་བ་ཆགས་པར་བྱེད་པ། འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་བྱ་བར་ཧུར་ཐག་གིས་ཞུགས་ནས། རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་མྱུར་དུ་ལག་བསྟར་བྱེད་དགོས་པ་དང་། མཉམ་སྤྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཡོངས་ཀྱི་ཁེ་ཐོབ་ཚོར་བ་ཇེ་དྲག་ཏུ་གཏོང་པ་དང་། སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་ཚད་ཇེ་མང་དུ་གཏོང་བ། དབུལ་སྐྱོར་མཁྲེགས་གཏོར་བཟོ་སྐྲུན་ལག་བསྟར་བྱེད་པ། ལས་ཞུགས་ལས་སྐྲུན་ལ་ཡར་སྐུལ་བྱེད་པ སྔར་ལས་དྲང་བདེན་དང་སྔར་ལས་རྒྱུན་སྲིང་གི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་པ། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། ན་གཞོན་ལོ་ཆུང་གི་གསར་སྐྲུན་འདུ་ཤེས་དང་། ལག་ཤེས་ནུས་པ། མཉམ་ལས་སྙིང་སྟོབས། མི་གཞུང་བྱང་ཚད་སོགས་སྐྱེད་སྲིང་བྱས་ཏེ། རྒྱལ་དམངས་ཀྱི་བྱང་ཚད་ཇེ་མཐོར་གཏོང་དགོས་པར་སྙམ། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།