རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིན་ནས་གྲོལ།

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིན་ནས་གྲོལ།

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་པེ་ཅིན་ནས་གྲོལ།

       སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཚེས་བརྒྱད་ཉིན་པེ་ཅིན་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།  ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་ཀྱི་འོས་འགན་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་གིས་ཐེངས་འདིའི་གྲོས་ཚོགས་ལེགས་པོ་ཞིག་བསྡུ་བར་མཐོང་ཆེན་ཚད་མཐོན་པོ་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གདན་དྲངས་པ་ལྟར་གྲོས་ཚོགས་མགོ་རྩོམ་པའི་ཚོགས་འདུར་ཞུགས་པར་མ་ཟད་སྙན་ཞུ་ཕུལ།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ཀྱིས་ནན་ཏན་གྱིས་ཡིག་ཆར་སློབ་སྦྱོང་དང་བརྗེ་རེས་གཏམ་བཤད་སྤེལ།  ཚང་མས་མཐའ་གཅིག་ཏུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་འགུལ་དང་ཕན་འབྲས་ལྡན་པའི་འགན་ནུས་ལག་བསྟར་དང་བློ་འདོན་ཇུས་འབུལ་བྱེད་རྒྱུ་ཡིན་ཞེས་བསྟན།

       ཡུས་ཀྲིན་ཧྲིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་འོས་འགན་གལ་ཆེན་ཞིག་རེད།  ཁོས་བསྟན་དོན།  མི་དམངས་སྲིད་གྲོས་ཀྱིས་འགན་འཁྲིའི་ནུས་པ་ཡོད་ཚད་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ཀྱི་སྒྲིག་བཟོ་གཏན་འཁེལ་དང་ལག་བསྟར་བྱེད་པའི་ཕྱོགས་ལ་ནུས་པ་གང་ཡོད་འདོན་དགོས། གཅིག་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་སྐབས་ཀྱི་གཞི་རྩའི་རྒྱལ་ཁབ་གནས་ཚུལ་ལ་གཏིང་ཟབ་པའི་སྒོ་ནས་ངེས་ཤེས་ཡོད་པར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་གཏན་འཁེལ་ནུས་ཤུགས་སྲུང་འཛིན་བྱེད་པ་དང་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ཏེ། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས། གཉིས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཡང་དག་་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། རྒྱུན་རྣམ་གསར་བར་ཞིབ་འཇུག་དང་བཀོལ་སྤྱོད་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་སྒྲིག་གཞིའི་ནང་རྐྱེན་དང་འཕེལ་རྒྱས་བྱེད་ཐབས་གྲུབ་པར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས། གསུམ་ནས་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁེ་ལས་ཀྱི་ཕན་འབྲས་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་འགན་ནུས་ཚད་ལས་བརྒལ་བ་སོགས་ཕྱོགས་ཀྱི་བྱེད་ཐབས་སྣ་ཚོགས་མེད་པར་གཏོང་དགོས། བཞི་ནས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་དང་ཆ་སྙོམས་རང་བཞིན་ནུས་ཡོད་སྒོས་མཐོར་འདེགས་སུ་གཏོང་དགོས། ལྔ་ནས་ཉེན་ཁ་ཆེ་བའི་འགོག་སྲུང་ནུས་པ་དང་ཆུ་ཚད་ཇེ་དྲག་ཏུ་གཏོང་དགོས། 

       ཡུས་ཀྲིན་ཧྲིན་གྱིས་བསྟན་དོན།  ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། སྲིད་གྲོས་ཀྱི་ད་ལོའི་བྱ་བར་ནན་ཏན་གྱིས་སྤྱི་བསྡོམས་བྱེད་པ་དང་སང་ལོའི་བྱ་བར་འཆར་གཞི་འགོད་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་ལག་བསྟར་དང་བློ་འདོན་ཇུས་འབུལ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་སྲིད་གྲོས་དེ་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  དམངས་གཙོ་ལྟ་སྐུལ་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ། སྲིད་གྲོས་རང་སྟེང་གི་འཛུགས་སྐྲུན་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་གཏིང་ཟབ་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རྩ་གནད་ཀྱི་སྒྲིག་གཞི་གཏན་འཁེལ་དང་ལག་བསྟར་བྱེད་པར་ཞབས་ཞུ་སྒྲུབ་རྒྱུ་དེ་སང་ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་བགྲོད་ལམ་གཙོ་བོ་ཡིན་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།