ལིས་ཁི་ཆང་གིས་ཕེ་ལོ་ཞི་ཡིས་ཁྲིད་པའི་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་ཉུང་ཤོས་ཏང་གི་གཙོ་འཛིན་ཕེ་ལོ་ཞི་ཡིས་ཁྲིད་པ་དང་། རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་གྲོས་མི་མང་པོ་ཞུགས་པའི་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང།

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་ཉུང་ཤོས་ཏང་གི་གཙོ་འཛིན་ཕེ་ལོ་ཞི་ཡིས་ཁྲིད་པ་དང་། རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་གྲོས་མི་མང་པོ་ཞུགས་པའི་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང།

 

          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་ཉུང་ཤོས་ཏང་གི་གཙོ་འཛིན་ཕེ་ལོ་ཞི་ཡིས་ཁྲིད་པ་དང་། རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་གྲོས་མི་མང་པོ་ཞུགས་པའི་ཨ་མེ་རི་ཁ་རྒྱལ་ཚོགས་དམངས་གྲོས་ཁང་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང།

          ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་དེ་བདེ་བླག་མིན་པའི་བརྒྱུད་རིམ་བརྒྱུད་མྱོང་མོད། འོན་ཀྱང་སྤྱི་ཆ་ནས་འཕེལ་རྒྱས་སུ་སོང་ཡོད། ད་ལོའི་ཟླ་དགུ་བར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་མེ་རི་ཁར་ཕན་འབྲས་ལྡན་པའི་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་སོ་སོར་འཛམ་གླིང་སྟེང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་གཉིས་ཡིན་ལ། ལོ་རྒྱུས་དང་རིག་གནས། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་ཀྱི་དུས་རིས་བཅས་གཅིག་འདྲ་མིན་པས། གནད་དོན་ཁ་ཤས་ཐད་ནས་ལྟ་སྟངས་མི་གཅིག་པ་དང་། ཡང་ན་འགལ་བ་ཡོད་པ་ནི་རྒྱུན་ལྡན་ཡིན། ང་ཚོས་མཐོང་དགོས་པ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དེ་འགལ་བ་ལས་ཆེ་ལ། གནད་འགག་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དམ་པོར་བཟུང་སྟེ། ཕན་ཚུན་བར་བརྩི་འཇོག་དང་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་པ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་བཅས་བྱས་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། གྲོས་མོལ་ལ་བརྟེན་ནས་འཛུགས་སྐྲུན་རང་བཞིན་གྱི་སྒོ་ནས་འགལ་བ་ཐག་གཅོད་བཟང་བོ་བྱེད་རྒྱུ་དེ་ཡིན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་ཡུན་རིང་དང་བརྟན་འཇགས། བདེ་བླག་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་བཏང་ན་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ལ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཐད་ལའང་ཐུན་མོང་མ་ཡིན་པའི་བྱས་རྗེས་འཇོག་ཐུབ་ཟེར།

          ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཁྲིམས་འཛུགས་ལས་ཁུངས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་ཆབ་སྲིད་འཚོ་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་པར་མ་ཟད། དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བའི་མང་ཚོགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཕྱོགས་གཉིས་ཀྱིས་བརྗེ་རེས་རྒྱ་བསྐྱེད་པ་དང་། རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། ཐུན་མོང་གི་ལྟ་བ་འབྱུང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

          ཕེ་ལོ་ཞི་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་ཁྱད་པར་དུ་དབུལ་ཕོངས་སེལ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་གཟེངས་བསྟོད་བྱས། ཕྱོགས་གཉིས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་། དྲ་རྒྱའི་བདེ་འཇགས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་མཉམ་ལས་བྱས་པར་མ་ཟད་གྲུབ་འབྲས་བཟང་བོ་བླངས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་མཛའ་མཐུན་དང་ལྷག་བསམ་རྣམ་དག་སྒོས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་དེ། མཛའ་མཐུན་དང་མཉམ་ལས་ཀྱི་བགྲོད་ལམ་སྟེང་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།