ཞི་ཅིན་ཕེན་གྱིས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐུར་ཁེའི་ཨན་ཐ་ལི་ཡ་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐུར་ཁེའི་ཨན་ཐ་ལི་ཡ་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་ལྔ་ཉིན་ཐུར་ཁེའི་ཨན་ཐ་ལི་ཡ་ནས་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། ད་ལོའི་ཚུན་ལ་ཀྲུང་གོ་དང་ཨུ་རི་སི་རྒྱལ་ཁབ་གཉིས་ཀྱིས་ཁྱབ་རྒྱ་ཆེ་བའི་སྒོ་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྔར་ལས་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་བཏང་ནས་དགའ་འོས་པའི་གྲུབ་འབྲས་མང་པོ་བླངས།  ཀྲུང་གོ་དང་ཨུ་རི་སི་གཉིས་ཀྱིས་ལོ་གསར་བའི་ནང་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་མཉམ་འབྲེལ་རྒྱལ་ཚོགས་དཀྱིལ་སྙིང་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀར་དཔལ་འབྱོར་གྱི་ཐད་ནས་ཕན་ཚུན་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་ཉོ་ཚོང་གི་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཉོ་ཚོང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་འབད་བརྩོན་བྱས་ཏེ། དངུལ་ལོར་སྒོ་འབྱེད་དང་ཉེན་ཚབ། ཡོན་ཏུང་གསར་སྤེལ་སོགས་ཀྱི་མཉམ་ལས་ཧུར་ཐག་གིས་སྤེལ་དགོས། ང་ཚོས་ཨུ་རི་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་འཛུགས་སྐྲུན་དང་ལག་བསྟར་དངོས་འབེབ་བྱས་ནས་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་མཉམ་ལས་ཇེ་མགྱོགས་སུ་གཏོང་འདོད་ཡོད་ཟེར།

       ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རི་སི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་སྒྲོམ་གཞིའི་ནང་དུ་མཉམ་ལས་གཏིང་ཟབ་དང་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོས་ཉིས་སྟོང་བཅུ་དྲུག་ལོར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་བྱེད་ཀྱི་ཡིན་པས། ཕྱོགས་སོ་སོའི་མཉམ་དུ་གསར་གཏོད་གསར་སྤེལ་དང་གསོན་ཤུགས་ལྡན་པ།མཉམ་འབྲེལ་འགུལ་སྐྱོད། བཟོད་སྒོམ་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལ་ཡར་སྐུལ་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད།  ང་ཚོས་མཐོ་རིམ་གྲོས་ཚོགས་བསྡུ་བའི་གོ་རིམ་ཁྲོད་དུ་ཨུ་རི་སི་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་ཤུགས་སྣོན་པ་དང་འཛམ་གླིང་དཔལ་འབྱོར་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བའི་གོ་རིམ་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་ཐོན་པར་ཐུན་མོང་གིས་ཡར་སྐུལ་གཏོང་འདོད་ཡོད་ཟེར།

       ཕུའུ་ཅིན་གྱིས་བསྟན་དོན། ཨུ་རི་སི་དང་ཀྲུང་གོས་ཁྱབ་ཁོངས་སོ་སོའི་ཐད་ཀྱི་འགྲོ་འོང་གཏིང་ཟབ་པའི་སྒོ་ནས་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཧུར་ཐག་གི་སྒོ་ནས་ཉོང་ཚོང་དང་ནུས་ཁུངས། ཉིང་རྡུལ་གློག་འདོན། མཐོ་གསར་ལག་རྩལ། དངུལ་ལོར། མི་གཞུང་སོགས་ཐད་ཀྱི་མཉམ་ལས་དང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཨུ་རི་སི་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཨ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དེ་ཀྲུང་གོ་ཕྱོགས་ཀྱི་དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད་འཛུགས་སྐྲུན་དང་སྦྲེལ་མཐུད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨུ་རི་སི་དང་ཀྲུང་གོ་གཉིས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ། གལ་ཆེ་བའི་རྒྱལ་སྤྱིའི་གནད་དོན་གང་མང་གི་ཐད་ནས་ཕན་ཚུན་གྱི་ལྟ་ཚུལ་འདྲ་མཚུངས་ཡིན། ཨུ་རི་སི་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཐེངས་རྗེས་མའི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་ལོར་གྱི་མཉམ་ལས་གསར་སྤེལ་ཐད་ལ་ནུས་པ་སྔར་ལས་ཆེན་པོ་ཐོན་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

       ཝང་ཧུའུ་ཉིན་དང་ལི་ཀྲན་ཧྲུའུ། ཡང་ཅེ་ཁྲི། ཀྲིག་ཞའོ་ཁྲོན་སོགས་གོང་གི་མཇལ་འཕྲད་ལ་ཞུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།