ཞི་ཅིན་ཕེན་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བ་ཐུར་ཁེའི་ཨན་ཐ་ལི་ཡ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། པར་འདི་ནི་ཞི་ཅིན་ཕེན་དུས་རིམ་དང་པོའི་གྲོས་ཚོགས་སུ་ཞུགས་པའི་ཚུལ་རེད།

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཐུར་ཁེའི་ཨན་ཐ་ལི་ཡ་ནས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བའི་དུས་རིམ་དང་པོའི་གྲོས་ཚོགས་སུ་ཞུགས།

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཐུར་ཁེའི་ཨན་ཐ་ལི་ཡ་ནས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བའི་དུས་རིམ་དང་པོའི་གྲོས་ཚོགས་སུ་ཞུགས།

ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བ་ཐུར་ཁེའི་ཨན་ཐ་ལི་ཡ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། པར་འདི་ནི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་དང་མཉམ་དུ་པར་བླངས་པའི་ཚུལ་རེད།

       ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བ་ཐུར་ཁེའི་ཨན་ཐ་ལི་ཡ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱིས་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་གསུངས།

       མཐོ་རིམ་གྲོས་ཚོགས་ཀྱི་མགོ་མ་ཚུགས་གོང་། ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་གཞན་པ་དང་མཉམ་དུ་སྔ་གཞུག་ཏུ་ཚོགས་རར་ཐོན་པ་དང་། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱིས་བསུ་བ་ཞུས།

       ས་དེའི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུ་ཡས་མས་སུ། མཐོ་རིམ་གྲོས་ཚོགས་ཀྱི་མགོ་བརྩམས། ཨེ་ཨར་ཏོ་ཨན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པ་རྣམས་ཡར་ལངས་ཏེ་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་ཚེ་ལས་འདས་པ་རྣམས་ལ་མྱ་ངན་ཞུས། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི་མཉམ་དུ་བྱེད་ཐབས་སྤྱད་དེ་བཟོད་སྒོམ་དང་བརྟན་འཇགས་ཀྱི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་དགོས་ཞེས་པ་དེ་ཡིན། གྲོས་ཚོགས་སུ་ཞུགས་པའི་མགོ་ཁྲིད་པས་འཛམ་གླིང་གི་དཔལ་འབྱོར་གནས་བབ་དང་། ཁྱོན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས། ལས་ཞུགས་དང་དངུལ་གཏོང་བཅས་གྲོས་དོན་ལ་དམིགས་ཏེ་རང་རང་གི་ལྟ་ཚུལ་སྤེལ། 

       ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་ལས་འགན་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་པས། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱིས་ཡན་ལག་བཅོས་སྐྱོང་བྱས་ནས་དེང་སྐབས་ཀྱི་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ལ། རྩ་བ་ནས་བཅོས་སྐྱོང་བྱས་ཏེ་ཡུན་རིང་གི་འཕེལ་རྒྱས་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། སྔོན་གྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། ཐུན་མོང་གི་ལྟ་བ་གསར་བ་གཅིག་སྡུད་བྱེད་དགོས། རྒྱལ་ནང་གི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་དོན་དག་བཟང་བོར་སྒྲུབ་དགོས་ལ། མཉམ་ལས་དམ་པོ་བྱས་ནས་མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ཞེས་བསྟན།

       ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གྲོས་གཞི་འདི་ལྟར་བཏོན་པ་སྟེ། གཅིག་ནི་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ཏེ། སྲིད་ཇུས་དང་འགུལ་སྐྱོད་ཀྱི་སྟོབས་ཤུགས་ཆགས་པར་བྱེད་དགོས་པ་དང་། གཉིས་ནས་བཅོས་སྒྱུར་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་སྦས་ཤུགས་ཇེ་ཆེར་གཏོང་དགོས། གསུམ་ནི་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་སྟོབས་ཤུགས་ཇེ་ཆེར་གཏོང་དགོས། བཞི་ནི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། འདྲ་མཉམ་དང་བཟོད་སྒོམ་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་པ་བཅས་རེད།

       གྲོས་ཚོགས་སྟེང་ད་རུང་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།