ལིས་ཁི་ཆང་གིས་མ་ལིག་ཅ་ཀྲིག་ལ་འཚམས་འདྲི་མཛད།

ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་མཉམ་ལས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་ཏེ་དུས་ཚོད་གཅིག་གི་རྗེས་སུ་མ་ལིག་ཅ་ཀྲིག་ལ་ཕེབས་ནས། མ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས།

ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་མཉམ་ལས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་ཏེ་དུས་ཚོད་གཅིག་གི་རྗེས་སུ་མ་ལིག་ཅ་ཀྲིག་ལ་ཕེབས་ནས། མ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས།

པར་འདི་ནི་ལིས་ཁི་ཆང་གིས་ས་དེའི་གྲོགས་པོ་རྒན་པ་དང་མང་ཚོགས་ཀྱི་འཐུས་མི་དང་སྙིང་ཉེ་བའི་ངང་ཞལ་བརྡ་གནང་བའི་ཚུལ་རེད།

པར་འདི་ནི་ལིས་ཁི་ཆང་གིས་ས་དེའི་གྲོགས་པོ་རྒན་པ་དང་མང་ཚོགས་ཀྱི་འཐུས་མི་དང་སྙིང་ཉེ་བའི་ངང་ཞལ་བརྡ་གནང་བའི་ཚུལ་རེད།

ས་དེའི་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་མཉམ་ལས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་ཏེ་དུས་ཚོད་གཅིག་གི་རྗེས་སུ་མ་ལིག་ཅ་ཀྲིག་ལ་ཕེབས་ནས། ཁོང་གིས་མ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། ཙུང་ལི་ལིས་ཁི་ཆང་གི་ལྕམ་མོ་ཁྲིན་ཧུང་མཉམ་དུ་འཚམས་འདྲིར་སོང་།

       མ་ལིག་ཅ་ཀྲིག་དང་ཀྲུང་གོ་བར་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་འགའི་རིང་ལ། མ་ལིག་ཅ་ཀྲིག་གིས་ཀོང་ཏུང་སོགས་ཀྲུང་གོ་ས་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར་བར་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་གཉིས་ལ་རྒྱ་མཚོའི་དཔལ་འབྱོར་དང་རིག་གནས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་ཆེན་པོ་ལྡན།

       ལིས་ཁི་ཆང་དང་ལྕམ་མོ་ཁྲིན་ཧུང་གཉིས་མ་ལིག་ཅ་ཀྲིག་ལ་ཐོན་སྐབས། མ་ལིག་ཅ་ཀྲིག་གི་མགོ་གཙོ་ཁ་ལི་ཨར་བཟའ་ཟླ་གཉིས་དང་། དབུ་བཞུགས་པུའུ་ཀྲང་དབྱི་ཏི་ལི་སི་བཟའ་ཟླ་གཉིས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པར་མ་ཟད་གྲོས་མོལ་མཛད།

       ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་མ་ལིག་ཅ་གཉིས་ནི་མ་ལིག་ཅ་མཚོ་འགག་ཕྱོགས་གཉིས་ཀྱི་མཛའ་མཐུན་ཁྱིམ་མཚེས་ཡིན། ལོ་ངོ་དྲུག་བརྒྱ་ལྷག་གི་སྔོན་ལ། ཀྲིག་ཧི་གྲུ་གཟིངས་རུ་ཁག་གིས་ཞི་བདེ་དང་མཛའ་བཤེས་དང་བཅས་ནས་འདིར་བསླེབས་ཏེ། ཕྱོགས་གཉིས་ལ་ཕན་པའི་ཚོང་ལས་རིག་གནས་བརྗེ་རེས་སྤེལ་བར་མ་ཟད། ས་དེའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རོགས་རམ་བྱས་པས། ཞི་བདེ་བརྗེ་རེས་དང་གཉིས་ཕན་མཛའ་མཐུན་གྱི་ཕོ་ཉ་རུ་གྱུར་ཡོད་ཅེས་ཟེར།

       ལིས་ཁི་ཆང་གིས་གསུངས་རྒྱུར། དེ་རིང་ང་རང་མ་ལིག་ཅར་འབྱོར་ནས་ཀྲིག་ཧིའི་གཏམ་རྒྱུད་དེ་ས་འདིའི་མི་དམངས་ཀྱིས་སེམས་སུ་དམ་པོར་བཅངས་ཡོད་པ་ཤེས་ལ། དེ་ནི་ཀྲིག་ཧི་ཡིས་དར་སྤེལ་བྱས་པའི་ཞི་བདེ་དང་མཛའ་བཤེས་ཀྱི་ས་བོན་ཡིན་ལ། དེར་འཆམ་མཐུན་དང་བཟོད་སྒོམ་གྱི་འབྲས་བུ་སྨིན་པས། ང་ཚོས་ཞི་བདེ་གཙིགས་འཛིན་དང་འཆམ་མཐུན་བཟོད་སྒོམ་གྱི་སྙིང་སྟོབས་དེ་རྒྱུད་འཛིན་དང་དར་སྤེལ་བྱེད་དགོས་ཟེར།

       ལིས་ཁི་ཆང་གིས་ད་རུང་མ་ལག་ཅ་ཀྲིག་གི་མགོ་གཙོ་ཁ་ལི་ཨར་དང་མཉམ་དུ་མ་ལིག་ཅ་མཚོ་འགྲམ་བཟོ་ལས་ས་ཁུལ་གྱི་ལས་གཞི་མཚམས་སྦྱོར་ལ་ཉན། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།