ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་ཅི་ལུང་ཕོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་ཅི་ལུང་ཕོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་ཅི་ལུང་ཕོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་མགོ་ཁྲིད་པ་དང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ། ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ། རྒྱ་གར་གྱི་ཙུང་ལི་མའོ་ཏེ། ཨོ་སི་ཁྲི་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་ཨར། ནེའུ་ཙི་ལན་གྱི་ཙུང་ལི་ཡའོ་ཧན་ཅི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝན་བཅས་གྲོས་ཚོགས་ལ་ཞུགས། མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་ཕྱིན་ཆད་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་མཉམ་ལས་ཐད་ལ་རང་གི་ལྟ་ཚུལ་འགའ་བཏོན། གཅིག ས་གནས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་མྱུར་དུ་སྐུལ་འདེད་བཏང་ནས་ཨེ་ཤ་ཡ་ཤར་ལྷོ་དེ་འཛམ་གླིང་དཔལ་འབྱོར་བརྟན་འཇགས་སྒོས་འཕར་ས་གཙོ་བོ་ཞིག་ཏུ་གསར་སྐྲུན་བྱེད་དགོས། གཉིས། ཧུར་ཐག་སྒོས་ཆབ་སྲིད་བདེ་འཇགས་གྲོས་མོལ་བྱས་ནས་ས་གནས་རང་དང་འཚམ་པའི་བདེ་འཇགས་སྤྱི་ཁོག་འཛུགས་པར་གྲོས་བསྡུར་བྱེད་དགོས། གསུམ། ཨེ་ཤ་ཡའི་གྲོས་མོལ་བརྗེ་རེས་ལ་ཤུགས་བསྣན་ནས་ཤེས་རིག་མི་འདྲ་བ་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ད་དུང་རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལང་ཕྱོགས། གྲོས་མགོ་ལྔ་བཅས་རྒྱས་བཤད་མཛད།

 གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་མཐོ་རིམ་གྲོས་ཚོགས་ཚོགས་ནས་ལོ་བཅུའི་རིང་ལ་ས་གནས་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས་ས་གནས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་ནུས་པ་གལ་ཆེན་བཏོན་པར་ཁས་ལེན་གང་ལེགས་བྱས། ཁོ་ཚོས་བཤད་རྒྱུར། ལོ་བཅུའི་རིང་ལ། ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་གྱིས་བརྟན་འཇགས་དང་དར་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་ལ་དམིགས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་པ་དང་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ལ། དཔལ་འབྱོར་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་ཕྱོགས་བསྡུས་ལག་བསྟར་སྲིད་ཇུས་བརྒྱད་དེ་ཕན་ནུས་ལྡན་པའི་སྒོ་ནས་འཇིགས་སྐུལ་རིང་ལུགས་དང་ནམ་ཟླའི་འགྱུར་ལྡོག རྒྱལ་ཁོངས་བརྒལ་བའི་ཉེས་ཅན། དྲ་བའི་བདེ་འཇགས། རང་བྱུང་གནོད་འཚེ། ཁོར་ཡུག་སྲུང་སྐྱོབ། སྤྱི་བའི་འཕྲོད་བསྟེན། དབུལ་ཐར་འཕེལ་རྒྱས་སོགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། གྲོས་མོལ་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་པར་བརྟེན་ནས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལྟར་འགལ་བ་སྣ་ཚོགས་ཞི་བས་ཐག་གཅོད་དགོས་པ་དང་ས་གནས་ཀྱི་ཡུན་རིང་ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།