ལིས་ཁི་ཆང་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལུང་ཕོ་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་བར་གྱི་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅི་ལུང་ཕོ་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་བར་གྱི་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཅི་ལུང་ཕོ་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་མ་ཟད་ཁ་ཡིག་ལ་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་བར་གྱི་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཀྲ་ཞི་ཏི་ཙུང་ལི་ལིས་ཁི་ཆང་དང་མཉམ་དུ་གླེང་སྟེགས་སུ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤོར་བའི་གནད་འགག་གི་དུས་སུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་འདོད་ཡོད། ཀྲུང་གོས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འཁེལ་བྱེད་བཞིན་ཡོད་ལ། མ་ལེ་ཞི་ཡས་ལོ་ལྔའི་འཆར་གཞི་བཅུ་གཅིག་པ་ལག་བསྟར་བྱེད་མགོ་རྩོམ་རྒྱུ་ཡིན་པས། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཧུར་ཐག་སྒོས་ལས་སྤེལ་ལས་སྐྲུན་བྱེད་ཆོག་ལ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་མཉམ་ལས་རྒྱ་བསྐྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་འཐབ་ཇུས་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཕན་ཚུན་འབྲེལ་འདྲིས་ཀྱི་སྤྱིའི་ཇུས་གཞི་དང་འབྲེལ་མཐུད་བྱས་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བཟོ་ལས་ཅན་སོགས་ཁྱབ་ཁོངས་ཀྱི་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཚོང་རར་ཞུགས་ཆོག་པའི་ཆ་རྐྱེན་བསྐྲུན་ཏེ། དངུལ་ལོར་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ས་ཁུལ་གྱི་དཔལ་འབྱོར་དང་དངུལ་ལོར་བརྟན་འཇགས་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཀྲ་ཞི་ཏི་ཡིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་ཡི་ཚབ་བྱས་ཏེ་ཞུ་ཚིག་ཕུལ། ཁོས་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།