ལིས་ཁི་ཆང་གིས་སེར་ཝེ་ཡའི་ཙུང་ལི་བུའུ་ཆིས་ཆི་དང་གྲོས་མོལ་མཛད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་སེར་ཝེ་ཡའི་ཙུང་ལི་བུའུ་ཆིས་ཆི་དང་གྲོས་མོལ་མཛད།

       གྲོས་མོལ་མཛད་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་སེར་ཝེ་ཡ་བར་གྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་རིང་བ་དང་། ཕན་ཚུན་ལ་བརྩི་འཇོག་དང་ཡང་དག་པའི་ལྟ་ཚུལ་བཟུང་བ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བའི་རྨང་གཞི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་མུ་མཐུད་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་ལ་དམིགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཆར་འགོད་བཟང་བོ་བྱེད་པ་དང་འཕེལ་རྒྱས་སུ་བཏང་ནས་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་དེ་སྔར་ལས་མང་པོའི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་ངེས་ཡིན་པར་མ་ཟད་རྒྱལ་ཁང་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ངེས་ཡིན་ཟེར།

       བུའུ་ཆིས་ཆི་ཡིས་བཤད་རྒྱུར། ཀྲུང་གོ་ནི་སེར་ཝེ་ཡའི་ཆེས་བཟང་བོའི་གྲོགས་པོ་ཡིན་པ་དང་། སེར་ཝེ་ཡ་ཕྱོགས་ཀྱིས་ཧུར་ཐག་སྒོས་ཀྲུང་གོ་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་པ་ཡིན། སེར་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་དང་དེ་མིན་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

       གྲོས་མོལ་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་ནས་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། སེར་ཝེ་ཡའི་ཙུང་ལི་བུའུ་ཆིས་ཆི་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་བ་བྱས། 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།