ཀྲང་ཏི་ཅང་གིས་ཁི་ལོ་ཏི་ཡའི་གྲོས་དཔོན་ལེ་ཁི་ལ་མཇལ་འཕྲད་གནང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ལོ་ཏི་ཡའི་གྲོས་དཔོན་ལེ་ཁི་ལ་མཇལ་འཕྲད་གནང་།

       རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉེར་བདུན་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁི་ལོ་ཏི་ཡའི་གྲོས་དཔོན་ལེ་ཁི་ལ་མཇལ་འཕྲད་གནང་།

       ཀྲང་ཏི་ཅང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཁི་ལོ་ཏི་ཡ་གཉིས་བར་ཁྱོན་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཁི་ལོ་ཏི་ཡའི་གྲོས་ཁང་དང་མཛའ་མཐུན་བརྗེ་རེས་བྱེད་པའི་མཉམ་ལས་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཐད་ནས་ཕན་ཚུན་ལ་སྔར་ལས་ཡིད་ཆེས་དམ་པོ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཅི་ཐ་ལོ་བེ་ཆི་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་རྒྱུ་གཙོ་བོར་བཟུང་སྟེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོ་བར་གྱི་མཉམ་ལས་ལམ་ལུགས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་བཅས་བེད་སྤྱོད་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོ་དང་ཁི་ལོ་ཏི་ཡ་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་བཟང་བོ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

       ལེ་ཁི་ཡིས་ཁི་ལོ་ཏི་ཡ་ཕྱོགས་ཀྱིས་ཕྱོགས་གཉིས་དང་ས་ཁོངས་མཉམ་ལས་བརྒྱུད་དེ་ཀྲུང་གོ་དང་སྔར་ལས་བཟང་བའི་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱས་ནས། རྨང་གཞིའི་སྒྲིག་ཆས་དང་དངུལ་གཏོང་དངུལ་བསྡུ་སོགས་ཕྱོགས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།