ཞི་ཅིན་ཕེན་གྱིས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ཕ་རི་སི་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་མཇལ་འཕྲད་གནང་།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ཕ་རི་སི་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་མཇལ་འཕྲད་གནང་།

       རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ཕ་རི་སི་ནས་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ལ་མཇལ་འཕྲད་གནང་།

       མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཙུང་ཐུང་ཨོ་ལང་ཏི་ཡིས་ཟླ་བཅུ་གཅིག་པའི་ཟླ་སྟོད་ལ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་གཉིས་ལ་བྱས་པ་དང་། ང་ཚོས་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་མགོ་གཙོའི་ནམ་ཟླའི་འགྱུར་ལྡོག་ཐད་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གསར་བ་གང་མང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་བྱེད་ངེས་ཡིན་པས། ཧྥ་རན་སི་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ་མཐོ་རིམ་གྲོས་ཚོགས་བདེ་བླག་ངང་འཚོགས་པར་སྐུལ་འདེད་གཏོང་བར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་གནད་དོན་ཐད་ནས་འཐབ་ཇུས་རང་བཞིན་གྱི་མཐུན་སྦྱོར་དང་མཉམ་ལས་བྱེད་པར་ཤུགས་སྣོན་འདོད་ཡོད་ཟེར།

       ཞི་ཅིན་ཕེན་གྱིས་ཧྥ་རན་སི་སྲིད་གཞུང་གིས་ནམ་ཟླའི་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་ཚོགས་པར་གྲ་སྒྲིག་བཟང་བོ་བྱས་པར་གཟེངས་བསྟོད་མཛད། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ང་རང་ད་ཐེངས་ནམ་ཟླའི་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་ལ་ཞུགས་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་ཀྲུང་གོས་བློ་ཐག་རྦད་ཆོད་སྒོས་ཧྥ་རན་སིས་ནམ་ཟླའི་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་བཟང་བོར་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་ཚོགས་ཆེན་སྟེང་ཆིངས་ཡིག་འཇོག་པའི་ཕྱོགས་དང་འཚམ་པའི་རྒྱལ་སྤྱིའི་གྲོས་མཐུན་ཞིག་འགོད་པར་རྒྱབ་སྐྱོར་བྱེད་པ་མཚོན་པར་བྱེད་པ་ཡིན་ཟེར།

       ཨོ་ལང་ཏི་ཡིས་བཤད་རྒྱུར། བདག་གིས་ཟླ་བཅུ་གཅིག་པའི་ནང་ཀྲུང་གོར་འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྤེལ་བའི་ནམ་ཟླའི་འགྱུར་ལྡོག་གི་མཉམ་འབྲེལ་གསལ་སྒྲོག་གིས་ཚོགས་ཆེན་བདེ་བླག་ངང་ཚོགས་པར་རྨང་གཞི་གལ་ཆེན་བཏིངས། ཧྥ་རན་སི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་པ་སྲུང་འཛིན་བྱས་ནས། ཚོགས་ཆེན་བདེ་བླག་ངང་ཚོགས་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

 

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་གྱི་གནད་དོན་གཙོ་བོའི་ཐད་ནས་བསམ་འཆར་བརྗེ་རེས་མཛད། 

 

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།

མཉམ་སྤྱོད།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།

ཞི་ཅིན་ཕིང་གིས་ཅང་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་།

ཨའོ་མན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར།

ལིས་ཁི་ཆང་པེ་ཅིན་དང་ཞལ་གྱེས་ནས་འཚམས་འདྲིར་ཕེབས།

མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་བཀོད།

ཞི་ཅིན་ཕིང་ཨའོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས་སྐབས་བཞི་པའི་སྲིད་གཞུང་འགོ་འཛིན་འགན་བཞེས་མཛད་སྒོའི་ནང་ཞུགས་རྒྱུ་རེད།

མཉམ་བསྒྲགས་མྱུར་འཕྲིན།

འབྲི་ཆུ་འགག་གསུམ་ལས་གཞི་ལ་ཕྱོགས་བསྡུས་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ།

ནན་ཅིན་ལས་རིགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་བཞུགས་མོལ་བྱས།

ཞི་ཅིན་ཕེན་གྱིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།